༄༅། །བདེན་བཞི་དང་འབྲེལ་བའི་ནང་ཆོས་ཀྱི་སྙིང་བསྡུས་བཞུགས་སོ།
།སྟོན་པ་ཚད་མ་འགྲོ་ལ་བུ་ལྟར་བརྩེ།
།འབྲས་བུ་ཚད་མ་ཐར་པའི་གོ་འཕང་བརྙེས།
།དམ་ཆོས་ཚད་མ་སྟོང་དང་རྟེན་འབྱུང་གསུངས།
།ཚད་མའི་སྐྱེས་བུ་དེ་ལ་མགོས་ཕྱག་འཚལ།
།གང་གི་ལེགས་གསུང་སྟོང་དང་རྟེན་འབྱུང་འདི།
།སྟོན་པ་གཞན་ལས་ཁྱད་ཆོས་བླ་ན་མེད།
།རྟེན་ཅིང་འབྲེལ་འབྱུང་མ་ཡིན་པ་ཡི་ཆོས།
།མེད་ཅེས་གསུངས་པའི་བཀའ་ལ་མི་དད་སུ།
།ལུང་དང་རིགས་པ་རྒྱུ་མཚན་གཏན་ཚིགས་ཀྱི།
།རྗེས་སུ་འབྲངས་ལས་བླུན་པོའི་ལུགས་མིན་ཞིང་།
།ཡང་དག་རིགས་པ་བརྒྱ་ཡིས་དཔྱད་བཟོད་པ།
།རྟེན་འབྲེལ་ལམ་ལ་འཇུག་པའི་སྐལ་བ་བཟང་།
།འོན་ཏང་ཁྱེད་ཀྱི་ཆོས་ཚུལ་ནམ་མཁའི་མཐར།
།ཁོ་བོའི་བྱེ་ལེབ་གཤོག་གིས་མི་འཇོལ་ཡང་།
།རང་འདྲའི་བློ་དམན་འགའ་ལ་ཕན་ཕྱིར་དུ།
།བྲིས་འདི་འགལ་བར་མཆིས་ན་བཟོད་པར་གསོལ།
།ཞེས་སྟོན་པ་ཡང་དག་རྫོགས་པའི་སངས་རྒྱས་ལ་སྒོ་གསུམ་རབ་གུས་གདུང་ཤུགས་དྲག་པོས་གསོལ་འདེབས་དང་བཅས། འདིར་སྐབས་སུ་བབས་པ་བདག་ཅག་གི་སྟོན་པ་འདིའི་གསུང་ཧ་ཅང་བྱིན་རླབས་ཅན་ཆོས་འཁོར་རིམ་པ་གསུམ་ལས་དང་པོ་དང་། ཆོས་ཀྱི་རྩ་བར་གྱུར་པའི་རྟེན་འབྲེལ་བཅུ་གཉིས་དང་བདེན་བཞིའི་གསུང་ཟབ་པ་དང་རྒྱ་ཆེ་བ་འདི་ཉིད་སྟོན་པ་ཉིད་དངོས་སུ་ཞལ་མ་བཞུགས་ཀྱང་ད་དུང་ཡང་མ་ཉམས་པར་ཉམས་སུ་ལེན་རྒྱུ་ཡོད་པ་འདི་ནི་ཧ་ཅང་སྐལ་བ་བཟང་པོ་ཞིག་ཡིན། སངས་རྒྱས་ཀྱི་གསུང་འདི་ཉིད་ཉམས་ན་སངས་རྒྱས་ཀྱི་བསྟན་པ་ཉམས་པ་དང་། འདི་ཉིད་དར་ན་སངས་རྒྱས་ཀྱི་བསྟན་པ་རྒྱས་པ་ཁོ་ནར་ངེས་པས། ད་རེས་སངས་རྒྱས་བཀའ་དྲིན་ཅན་ཉིད་འཇིག་རྟེན་དུ་སྐུ་འཁྲུངས་ནས་གནས་བརྟན་སྡེ་བའི་ལུགས་ལྟར་ན་ད་ལོ་མི་ལོ་ཉིས་སྟོང་ལྔ་བརྒྱ་ལྔ་བཅུ་ང་དགུ་་ཏག་ཏག་འཁོར་བའི་དུས་ཚིགས་འདིར་སྟོན་པ་ཉིད་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་ཚུལ་དུ་གུས་ནས་གང་ཤེས་རང་འདྲའི་ལམ་ཞུགས་ཕྱི་རྒྱལ་བའི་ནང་པ་གསར་བུ་པ་རྣམས་ལ་ཕན་ཕྱིར་གོ་དཀའ་བའི་གཞུང་ལུགས་ཀྱི་ཆོས་སྐད་དང་། བརྡ་རྙིང་དང་། མངོན་བརྗོད། གཞན་མཁས་ཚིག་སོགས་ཀྱིས་མ་བཅིང་པར་ཕལ་སྐད་དུ་བདེན་བཞི་དང་། མཆོག་གསུམ། རྟེན་འབྲེལ་བཅུ་གཉིས་བཅས་ཀྱི་འགྲེལ་བཤད་མདོར་བསྡུས་ཤིག་འབྲི་བ་ལ་འཇུག་པར་བྱའོ། །
དང་པོ་མདོར་བསྟན་གྱིས་གླེང་བསླང་བ་དང་། དངོས་གཞིའི་རྒྱས་པར་བཀྲལ་བ་གཉིས་ལས། དང་པོ་ནི།
སྤྱིར་བཏང་དེང་སང་སངས་རྒྱས་ཀྱི་ཆོས་ཚུལ་འདི་ནི་ཨེ་ཤ་ཡ་སོགས་ནས་རིམ་གྱིས་འཛམ་གླིང་གང་སར་ཉིན་རེ་བཞིན་ཁྱབ་བརྡལ་དུ་འགྲོ་བཞིན་ཡོད་པ་འདི་ནི་དངོས་གནས་དགའ་འོས་པ་ཞིག་རེད། ཡིན་ན་ཡང་སངས་རྒྱས་མྱ་ངན་ལས་འདས་ནས་བཟུང་སྟེ་ད་བར་སངས་རྒྱས་ཀྱི་ཆོས་ལུགས་འདི་ཉིད་དཔེར་ན་ཤིང་གི་རྩ་བ་གཅིག་ལས་ཡལ་ག་དང་ལོ་མ་སོགས་སུ་གྱེས་པ་ལྟར་སྟོན་པའིི་ཆོས་ཚུལ་འདི་ཉིད་ཀྱང་དེང་སང་ཡུལ་ལུང་རེའི་ལུགས་སྲོལ་དང་། དགོན་པ་རེའི་ཆ་ལུགས་སོགས་མི་འདྲ་བའི་དབང་གིས་ཐ་སྙད་དང་མིང་འདྲ་མིན་བཏགས་ནས་གནས་ཡོད། དེ་ནི་གཅིག་བྱས་ན་སངས་རྒྱས་པའི་ཆོས་འདི་ལུགས་སྲོལ་མི་འདྲ་བ་དང་། ཆ་ལུགས་མི་འདྲ་བའི་དབང་གིས་ཚང་མས་དགའ་མོས་བྱས་ནས་འཛམ་གླིང་གང་སར་དར་ཁྱབ་ཡིན་པའི་དགེ་མཚན་ཞིག་ཡིན་སྲིད་ཀྱང་། དོན་ངོ་མར་ཉམས་ལེན་བྱེད་སྟངས་ཀྱི་ཐོག་ནས་སངས་རྒྱས་ཀྱི་ཆོས་དེ་ཉིད་རིམ་བཞིན་རྩ་བ་ལས་ཡལ་ག ཡལ་ག་ལས་ཡན་ལག ཡན་ལག་ལས་ཉིང་ལག་ལྟ་བུ་ཆོས་ཉིད་ཧ་ཅང་ཆུང་ཆུང་ཞིག་ཏུ་གྱུར་ཡོད། ཁྱེད་རང་གིས་ད་ལྟ་ཉམས་སུ་ལེན་བཞིན་པའི་ཆོས་བརྒྱུད་དེ་ཉིད་ཀྱི་འབྱུང་ཁུངས་ཆུ་མགོ་གངས་ལ་ཐུག་པའི་དཔེ་ལྟར་སངས་རྒྱས་ཀྱིས་གང་གསུངས་པའི་བཀའ་འགྱུར་པོད་ཆེན་བརྒྱ་དང་བརྒྱད། བསྟན་འགྱུར་པོད་ཆེན་ཉིས་བརྒྱ་བཅུ་གསུམ་ཅན་འདི་གཉིས་ལ་ཐུག་ཡོད། སངས་རྒྱས་ཀྱི་གསུང་ལ་སློབ་སྦྱོང་གཏན་ནས་མི་བྱེད་པར་ཟུར་དུ་ཆོས་བརྒྱུད་བྱེ་བྲག་པ་ཞིག་ལ་ཉམས་ལེན་བྱེད་ཁུལ་བྱས་ཀྱང་དེ་ནི་དོན་ངོ་མར་ཁྱོད་རང་གིས་རྩ་བ་བོར་ནས་ཡལ་ག་ལ་འཇུས་པའི་དཔེ་ལྟར་རེད། སོ་སོའི་བརྒྱུད་པ་ཡག་པོ་མ་རེད་ངས་གཏན་ནས་ཤོད་ཀྱི་མེད། མཚམས་རེར་ང་ཚོས་གཟབ་གཟབ་མ་བྱས་ན་སོ་སོའི་ཆོས་ལུགས་བྱེ་བྲག་པ་ཞིག་ལ་སྦར་འཇུ་བྱས་ནས་དེ་ཉིད་གཙིགས་ཆེན་དུ་འཛིན་པ་ལས་སངས་རྒྱས་པའི་ཆོས་དང་བཀའ་དྲིན་ཅན་གྱི་སངས་རྒྱས་གཉིས་བརྗེད་ལ་ཁད་དུ་འགྲོ་བའི་ཉེན་ཁ་ཡོང་མ་སྲིད་པ་མ་རེད། གཅིག་བྱས་ན་ང་རང་གི་རི་བོང་གནམ་རྡིབ་ཀྱི་དཔེ་ལྟར་སེམས་ཁྲལ་ལྷག་མ་ཞིག་ཡིན་སྲིད། ང་རང་ཉིད་ནས་ཀྱང་རང་གི་བརྒྱུད་པ་དང་བླ་མ་སོགས་ཧ་ཅང་གལ་ཆེན་དུ་བཟུང་ནས་ད་ལྟ་ཡིན་ནའང་ཉིན་རེ་བཞིན་མ་ཆག་པར་ཉམས་ལེན་བྱེད་ཀྱི་ཡོད། ཉམས་ལེན་བྱེད་པའི་སྐབས་སུ་སོ་སོའི་བརྒྱུད་པ་གང་ཡིན་པ་དེ་འཛིན་དགོས་རྒྱུ་ནི་ཧ་ཅང་གལ་ཆེ་ཡང་། སློབ་སྦྱོང་བྱེད་པའི་སྐབས་སུ་ངེས་པར་དུ་སངས་རྒྱས་ཀྱི་གསུང་ལ་རྩ་བར་བཟུང་ནས་གཞན་གྱི་ཆོས་ལུགས་ཡོངས་རྫོགས་ལ་སློབ་སྦྱོང་བྱེད་དགོས། ང་ལྟ་བུ་ལ་མཚོན་ན་མཁན་པོའི་མིང་ཙམ་ཞིག་རེད། རང་གི་འདོད་པ་ནང་བཞིན་སློབ་སྦྱོང་མཐར་ཕྱིན་པ་ཞིག་བྱུང་ཐུབ་མེད། ཡིན་ནའང་བོད་ཀྱི་ཆོས་བརྒྱུད་ཚང་མར་ད་ལྟ་ཡིན་ནའང་ཞོར་དུ་འཇོན་ཚོད་ཀྱིས་ཐོས་བསམ་སྒོམ་གསུམ་བྱེད་བཞིན་པ་ཡིན། མ་ཟད་ཉིས་སྟོང་དྲུག་ལོར་འབར་མར་སོང་ནས་གནས་བརྟན་སྡེ་བའི་ཆོས་བརྒྱུད་ལ་ཟླ་བ་དྲུག་རིང་སློབ་སྦྱོང་བྱས་པ་ཡིན། དེས་ང་ལ་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་སོང་། འབར་མ་དང་། ཤྲི་ལངྐ། ཐའེ་ལན་ཌི་སོགས་ཀྱི་ནང་ཆོས་འདི་ནི་ནང་ཆོས་ཀྱི་སྙིང་པོ་ལྟ་བུ་དེ་ཡིན། འགའ་ཤས་ནས་དེ་ཐེག་དམན་དང་། འདི་ཐེག་ཆེན་རེད། འདི་རྡོ་རྗེ་ཐེག་པ་རེད་ཅེས་མིང་ཙམ་ལ་དབྱེ་འབྱེད་བྱེད་མཁན་འདུག། དེ་ནི་དངོས་གནས་ཧ་ཅང་ཐབས་སྐྱོ་བོའི་གནས་སྟངས་རེད། ཐེག་པ་ཆེ་ཆུང་གང་ཟག་རང་ཉིད་ཀྱི་སེམས་ཀྱི་རྟོགས་པའི་དབང་གིས་གཞག་དགོས་པ་ལས་ཕྱི་ཡི་ཆ་ལུགས་དང་། མིང་སོགས་ནས་དབྱེ་འབྱེད་བྱེད་མི་ཐུབ། གང་ལྟར་ཡང་ང་རང་ཚོ་ཚང་མ་ཤིང་གི་རྩ་བ་གཅིག་ལས་མཆེད་པའི་ཡལ་ག་དང་ལོ་མ་ནང་བཞིན་ཚང་མ་གཅིག་པ་ཡིན། ནང་ཆོས་འདི་ཧ་ཅང་གཏིང་ཟབ་ལ་རྒྱ་ཆེ་བས་ཆོས་ལུགས་ཡོངས་རྫོགས་ལ་སློབ་སྦྱོང་བྱེད་དགོས། ཡང་འགའ་ཞིག་ནས་ང་ལོ་ན་ཆེ། དབང་པོ་ཡང་རྟུལ་བས་སློབ་སྦྱོང་བྱེད་མི་ཐུབ་སྙམ་ན། དེ་མ་ཡིན་ཏེ། སློབ་སྦྱོང་བྱས་ན་འཕྱིས་པའི་སྐྱོན་གང་ཡང་མེད་དོ། །ས་སྐྱའི་ལེགས་བཤད་ལས། རིག་པ་ནངས་པར་འཆི་ཡང་བསླབ། །ཚེ་འདིར་མཁས་པར་མ་གྱུར་ཀྱང་། །སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་པ་འདྲ། །ཞེས་གསུངས་པས་ཚེ་འདིར་མཁས་པར་མ་གྱུར་ཀྱང་ད་ལྟ་ཐོས་བསམ་སོགས་གང་བྱས་པ་རྣམས་ཆུད་ཟོས་སུ་མི་འགྲོ་བར་སྐྱེ་བ་རྗེས་མར་དངུལ་ཁང་ནང་དུ་དངུལ་བཞག་པ་ལྟར་བེད་སྤྱོད་བྱེད་ཆོག། ལར་ནས་སྟོན་པའི་རྗེས་སུ་འཇུག་མཁན་ནང་པ་ཞིག་ཡིན་ནས་བཟུང་སྟེ་སྟོན་པས་གང་གསུངས་ཡོད་པ་ཚང་མ་མ་ཤེས་ཀྱང་མདོར་བསྡུས་ཤིག་མ་ཤེས་ཐབས་མེད་ཡིན། དེ་ཤེས་ན་ད་ལྟ་ཁྱོད་རང་གིས་ཉམས་ལེན་བྱེད་བཞིན་པའི་ཡན་ལག་གི་ཆོས་དེ་རྣམས་ལས་སླ་བོར་རྟོགས་ཐུབ་པ་དང་ཆོས་ལུགས་གཞན་ལ་དག་སྣང་ཡོང་བ་སོགས་དགེ་མཚན་ཆེན་པོར་མཐོང་། ལྷག་པར་དུ་དེང་སང་བླ་མ་རྣམས་ཀྱིས་རང་གི་ཆོས་ལུགས་ནང་ནས་ལྟ་བ་དཔེར་ནཕྱག་ཆེན་དང་། རྫོགས་ཆེན་ཞེས་བོད་ཆོས་ཉིང་ལག་བྱེ་བྲག་པ་ཞིག་གི་དཔེ་ཁྲིད་བྱས་ན་གནས་སྐབས་སེམས་ལ་ཕན་ཐོགས་ཅུང་ཟད་རེ་ཡོད་སྲིད་ཀྱང་དོན་ངོ་མར་སློབ་མ་ལ་ནང་ཆོས་ཡོངས་རྫོགས་ཀྱི་གོ་བ་ཆགས་ཐུབ་ཀྱི་མེད། རྒྱུ་མཚན་དེར་བརྟེན་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ལེགས་སྦྱར་དང་པཱ་ལི་སོགས་ཀྱི་ནང་དུ་ཡོད་པའི་བདེན་བཞི་དང་། རྟེན་འབྲེལ་བཅུ་གཉིས། འཕགས་ལམ་ཡན་ལག་བརྒྱད། བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སོགས་ལ་ངེས་པར་ཐོས་བསམ་སྒོམ་གསུམ་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་ཞིག་ཏུ་མཐོང་།བོད་བརྒྱུད་ནང་ཆོས་ནང་ནས་དེང་སང་བླ་མ་མང་པོས་སློབ་མའི་རྒྱུད་ལ་བརྟག་དཔྱད་གང་ཡང་མེད་པར་ཡི་དམ་གྱི་ལྷ་མིང་རྫིག་པོ་སྙན་པོ་རེའི་དབང་སྐུར་བྱེད་ཀྱི་ཡོད། འགའ་ཤས་ནས་དབང་གིས་སྐད་ཅིག་ཉིད་ལ་ཐར་པའི་གོ་འཕང་ལ་འཕེན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། དེ་ནི་བླ་མ་དབང་སྐུར་མཁན་གྱི་ཉམས་ལེན་དང་རྟོགས་པ་ལ་རག་ལས་ཡོད། དབང་ཐེངས་མ་ག་ཚད་བསྐུར་ཀྱང་དབང་དོན་སློབ་མའི་སེམས་ཐོག་ཏུ་ངོ་སྤྲོད་མ་ཐུབ་ན་སྔ་མའི་མི་དེ་དང་གཅིག་པ་རེད། དེ་བས་ཀྱང་ཉིན་རེའི་འཚོ་བའི་ཁྲོད་དུ་བདེན་བཞི་དང་། རྟེན་འབྲེལ་བཅུ་གཉིས་སོགས་ལ་ལེགས་པར་བསམ་བློ་བཏང་ནས་སྒོམ་བྱས་པ་ཡིན་ན་ངེས་པར་ཁྱེད་རང་གི་མི་ཚེར་འགྱུར་བ་འགྲོ་ཐུབ། དེང་སང་མི་མང་པོ་ཞིག་ནས་ནང་ཆོས་འདི་ལས་སླ་བོར་ཐེངས་མ་གཅིག་དང་གཉིས་ཙམ་གྱིས་ཤེས་དགོས་སྣང་ཤར་གྱི་ཡོད། ནང་ཆོས་ཐེངས་མ་གཅིག་ཉན་པ་ཙམ་གྱིས་དོན་གོ་ནས་རྟོགས་སོང་ན་ད་ལྟ་འཁོར་བར་འཁྱམས་ནས་སྡུག་བསྔལ་མྱོང་བཞིན་པའི་སེམས་ཅན་འདི་རྣམས་ཕལ་ཆེར་ཡོད་རྒྱུ་མ་རེད། རྒྱུ་མཚན་གང་ཡིན་ཟེར་ན། ཆོས་ཀྱི་དོན་ངོ་མ་རྟོགས་ཡོང་ན་ཉོན་མོངས་རྩད་ནས་སྤང་ཐུབ་པ་རེད། ཉོན་མོངས་མེད་ན་ལས་ངན་བསག་གི་མ་རེད། རྒྱུ་ལས་ངན་མ་བསགས་ན་འབྲས་བུ་འཁོར་བར་འཁྱམ་མཁན་ཡོད་མ་རེད། དེ་རྣམས་འཕྲོས་བཤད་ཡིན། ད་དངོས་གཞི་བཤད་བྱའི་ཆོས་ལ་འཇུག་གི་ཡིན།
གཉིས་པ་ལ་བཞི་སྟེ།
དང་པོ་བདེན་བཞི། རྟེན་འབྲེལ་བཅུ་གཉིས། དེ་གཉིས་དང་འབྲེལ་བའི་སྐྱབས་འགྲོ། མཐར་དེ་རྣམས་སྙིང་པོའི་སྒོ་ནས་དོན་བསྡུ་བའོ།། དང་པོ་བདེན་བཞི་བཤད་པ་ལ་གཉིས་ཏེ། དང་པོ་ལ་ངོ་བོའི་སྒོ་ནས་མདོར་བསྟན་པ་དང་། ཡན་ལག་གི་སྒོ་ནས་རྒྱས་པར་བཤད་པའོ། ། དང་པོ་ངོ་བོའི་སྒོ་ནས་མདོར་བསྟན་པ་ལ་ལྔ་ལས།དང་པོ་ལ་བདེན་བཞི་ཤེས་པའི་ཕན་ཡོན་དང་མ་ཤེས་པའི་ཉེས་དམིགས། སྟོན་པས་བདེན་བཞི་གསུངས་ཚུལ། བདེན་བཞི་སོ་སོའི་གོ་རིམ། བདེན་བཞིའི་རྣམ་གྲངས། དེ་ཇི་ལྟར་ཉམས་སུ་ལེན་ཚུལ་བཅས་སོ། །དང་པོ་བདེན་བཞི་ཤེས་པའི་ཕན་ཡོན་དང་མ་ཤེས་པའི་ཉེས་དམིགས་ལ།

བདེན་བཞིའི་གསུང་ནི་འཁོར་འདས་ཀྱི་གནས་ལུགས་མ་ནོར་བར་སྟོན་པའི་གཞུང་ངོ་། འཁོར་བ་དང་སྡུག་བསྔལ་སོགས་ནི་སངས་རྒྱས་ཀྱིས་མ་གསུངས་ཀྱང་འཛམ་བུ་གླིང་གི་སྐྱེ་འགྲོ་སེམས་ཅན་ཡོངས་ལ་དངོས་ཡོད་གནས་ཚུལ་ཐུན་མོང་ལྟར་སྣང་བ་ཞིག་ཡིན། ང་རང་ཚོ་ད་ལྟ་གནས་ས་འདི་ནི་འཁོར་འདས་ཀྱི་ནང་ནས་འཁོར་བར་གནས་ཡོད། གལ་སྲིད་འཁོར་བ་འདི་ལས་ཐར་པ་ཐོབ་འདོད་ཡོད་ན་བདེན་བཞིའི་ལམ་འཇུག་ལྡོག་མ་ནོར་བའི་སྒོ་ནས་ཉམས་ལེན་བྱས་ནས་ད་གཟོད་འཁོར་བའི་སྡུག་བསྔལ་འདི་ལས་གྲོལ་ཐུབ། འཁོར་བའི་སྡུག་བསྔལ་འདི་ལས་གྲོལ་འདོད་ཡོད་ན་དང་པོ་འཁོར་བའི་སྐྱོན་རྣམས་ཤེས་དགོས། དེ་ལྟ་བས་ན་བདེན་པ་དང་པོ་གཉིས་ཀྱིས་སྡུག་ཀུན་འཁོར་བའི་ཕྱོགས་ཀྱི་འཇུག་རིམ་དང་། བདེན་པ་ཕྱི་མ་གཉིས་ཀྱིས་འགོག་ལམ་འཕགས་པའི་ལམ་སོགས་བསྟན་ཡོད་པས་བདེན་བཞི་འདི་ངེས་པར་དུ་ཤེས་དགོས་སོ།
གཉིས་པ་སྟོན་པས་བདེན་བཞི་གསུངས་ཚུལ་ནི།
སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་རྒྱ་གར་རྡོ་རྗེ་གདན་དུ་ལོ་དྲུག་ལ་བཀའ་ཐུབ་སྤྱད་ཅིང་། མཐར་ཉིན་གཅིག་གི་ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་ནས་བདུན་ཕྲག་བདུན་པའི་སྐབས་སུ། ལྷ་དང་མི་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་པ་ལྟར། མི་ཡི་འཁོར་ལྔ་སྡེ་དང་། ལྷ་བརྒྱད་ཁྲི་ཐམ་པ་ལ་བཀའ་དང་པོ་བདེན་པ་བཞི་རྒྱ་གར་ཆུ་བོ་གངྒཱིའི་འགྲམ་ཡུལ་ཝཱ་རཱ་ཎ་སཱི་རུ་བོད་ཟླ་དྲུག་པའི་ཚེས་བཞི་ལ་བདེན་བཞིའི་ཆོས་ཀྱི་འཁོར་ལོ་དང་པོ་བསྐོར་པའོ། སྐབས་དེ་དུས་རྒྱ་གར་བྲམ་ཟེའི་ཆོས་ལུགས་རྣམས་ཀྱིས་ལུས་ཀྱི་དཀའ་ཐུབ་གཅིག་པུས་ཐར་པ་འཐོབ་པར་འདོད་མཁན་ཧ་ཅང་མང། སངས་རྒྱས་ཀྱིས་ལུས་ངག་གི་དཀའ་ཐུབ་གཅིག་པུས་ཐར་པ་མི་འཐོབ་པ་ལ་དགོངས་ནས་བོད་སྐད་དུ་ནང་པ་ཞེས་པའི་ཆོས་ལུགས་དམིགས་བསལ་བ་ཞིག་སྔར་མེད་གསར་གཏོད་མཛད་། ནང་པ་ཞེས་པ་འདི་ལ་ཧ་ཅང་གོ་རྒྱུ་ཆེན་པོ་ཡོད། ནང་ཞེས་པ་ནི་ཕྱི་ནང་གཉིས་ཀྱི་ཟླས་ཕྱེས་པའི་ནང་ལ་གོ། པ་ཞེས་པ་ནི་བདག་སྒྲ་ཡིན། དཔེར་ན། སེམས་ནང་དུ་བསམ་བློ་བཏང་ནས་ནང་གི་བདག་འཛིན་མ་རིག་པ་སོགས་དགྲ་ལ་འཛིན་པའི་ཆོས་ལུགས་ཤིག་ཡིན་པའི་ཆ་ནས་ནང་པ་ཞེས་བརྗོད་པ་རེད།
གསུམ་པ་བདེན་བཞི་སོ་སོའི་གོ་རིམ་ནི།
དེ་ནི་ཇི་སྐད་དུ་སྟོན་པས་མདོ་ལས། དང་པོ། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། འདི་ནི་ཀུན་འབྱུང་འཕགས་པའི་བདེན་པའོ། འདི་ནི་འགོག་པ་འཕགས་པའི་བདེན་པའོ། འདི་ནི་ལམ་འཕགས་པའི་བདེན་པའོ།། ཞེས་བདེན་བཞིའི་ངོ་བོ་ལ་བཟླས་ནས་ཆོས་འཁོར་དང་པོ་གསུངས་པ་རེད། གཉིས་པ་སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་རྒྱུད་ལ་བསྟེན་པར་བྱ། ཞེས་པ་ནི་བདེན་བཞིའི་བྱ་བ་ལ་བཟླས་ནས་ཆོས་འཁོར་གཉིས་པ་གསུངས་པ་རེད། གསུམ་པ་སྡུག་བསྔལ་ཤེས་པར་བྱ་སྟེ་ཤེས་པར་བྱར་མེད། ཀུན་འབྱུང་སྤང་བར་བྱ་སྟེ་སྤང་བར་བྱར་མེད། འགོག་པ་མངོན་དུ་བྱ་སྟེ་མངོན་དུ་བྱར་མེད། ལམ་བསྒོམ་པར་བྱ་སྟེ་བསྒོམ་པར་བྱར་མེད། ཅེས་བདེན་བཞིའི་འབྲས་བུ་ལ་བཟླས་ཏེ་ཆོས་འཁོར་ཐ་མ་དེ་གསུངས་པ་རེད། སྟོན་པས་བདེན་བཞི་གསུང་བའི་སྐབས་སུ། ཐོག་མར་སྡུག་བདེན། ཀུན་འབྱུང་བདེན་པ། འགོག་པའི་བདེན་པ། དེ་ནས་ལམ་བདེན་སོགས་གོ་རིམ་དེ་ལྟར་གསུངས་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན། དེ་ལ་དགོས་པ་ཧ་ཅང་ཆེན་པོ་ཡོད་པ་རེད། དང་པོ་སྡུག་བསྔལ་ངོ་སྤྲད་ནས་མཇུག་ཏུ་ཀུན་འབྱུང་སྤོང་འདོད་ཀྱི་བློ་སྐྱེ་བའི་དགོས་པ་ཡོད། འགོག་བདེན་སྟོང་ཉིད་ངོ་སྤྲད་ནས་དེ་ཉིད་འཐོབ་བྱེད་ཀྱི་ལམ་བདེན་ལ་འཇུག་འདོད་ཀྱི་བློ་སྐྱེ་བའི་ཆེད་དུ་ཡིན་པ་རེད། དེ་རྣམས་རྒྱས་པར་གཤམ་དུ་ཉམས་སུ་ལེན་ཚུལ་གྱི་ས་བཅད་ནང་དུ་རྒྱས་པར་བཀྲལ་ཡོད་པས་འདིར་དེ་ཙམ་ལས་མི་སྤྲོའོ།།
བཞི་པ་བདེན་བཞིའི་རྣམ་གྲངས།
བདེན་པ་བཞི་པོ་རེ་རེ་ལ་ནང་གསེས་སུ་བཞི་རེ་ཕྱེས་ནས་རྒྱས་པར་བཀྲལ་ན་བཅུ་དྲུག་ཏུ་གྲངས་ངེས་ཏེ། དང་པོ་སྡུག་བསྔལ་བདེན་པའི་ཡན་ལག་བཞི་ནི། མི་རྟག་པ། སྡུག་བསྔལ་བ། སྟོང་པ། བདག་མེད་པ་བཞིའོ། །མི་རྟག་པ་ནི། སྐད་ཅིག་མ་རེ་རེར་སྐྱེ་འགག་བྱེད་པའོ། སྡུག་བསྔལ་བ་ནི། གནས་པའི་རང་དབང་ཅུང་ཟད་ཀྱང་མེད་ཅིང་རྩ་བའི་སྡུག་བསྔལ་གསུམ་དང་། ཡན་ལག་གི་སྡུག་བསྔལ་བརྒྱད་ལ་སོགས་པས་རྒྱུན་མི་ཆད་པར་གཙེ་བའོ། སྟོང་པ་ནི། བྱེད་པ་པོ་དང་། ལོངས་སྤྱོད་བྱ་སྤྱོད་བྱེད་ཀྱིས་བདག་རང་བཞིན་གྱིས་ངོ་བོས་མ་གྲུབ་པས་ན་སྟོང་པའོ། །བདག་མེད་པ་ནི། རྒྱུ་རྐྱེན་ལ་ལྟོས་ནས་བཏགས་པ་ཙམ་ལས་གང་ཟག་གི་བདག་རང་བཞིན་གྱིས་མ་གྲུབ་པས་སོ། །གཉིས་པ་ཀུན་འབྱུང་བདེན་པའི་ཡན་ལག་བཞི་ནི། རྒྱུ། ཀུན་འབྱུང་། རྐྱེན། རབ་སྐྱེ་བཅས་བཞིའོ།། རྒྱུ་ནི། ཉོན་མོངས་རྣམས་དང་དེས་བསྐྱེད་པའི་མི་དགེ་བ་རྣམས་འཁོར་བའི་རྒྱུར་གྱུར་པའོ།། ཀུན་འབྱུང་ནི། འཁོར་བའི་སྡུག་བསྔལ་ཐམས་ཅད་འབྱུང་ཁུངས་ཡིན་པས་སོ།། རྐྱེན་ནི། རྒྱུ་ཀུན་འབྱུང་དང་འབྲས་བུ་སྡུག་བསྔལ་རྣམས་ཉམས་སུ་མྱོང་བར་མཚམས་སྦྱོར་བྱེད་ཡིན་པས་སོ།། རབ་སྐྱེ་ནི། སྐབས་སྐབས་སུ་སྡུག་བསྔལ་དྲག་པོ་འཕྲལ་དུ་སྐྱེ་བར་བྱེད་པའོ།། གསུམ་པ་འགོག་བདེན་གྱི་ཡན་ལག་བཞི་ནི། འགོག་པ། ཞི་བ། གྱ་ནོམ། ངེས་འབྱུང་བཅས་བཞིའོ། །འགོག་པ་ནི། འབྲས་བུ་སྡུག་བསྔལ་དང་རྒྱུ་ཀུན་འབྱུང་གི་རྒྱུན་འགོག་པའོ། །ཞི་བ་ནི།ལས་དང་ཉོན་མོངས་ཐམས་ཅད་ལྷག་མེད་དུ་ཞི་བའོ།།གྱ་ནོམ་ནི། གཏན་བདེའི་འགྱུར་བ་མེད་པའི་གནས་སོ། །ངེས་འབྱུང་ནི། སླར་མི་ལྡོག་པར་འཁོར་བ་ལས་ཐར་ནས་མྱང་འདས་ཀྱི་བདེ་བ་ཁྱད་པར་ཅན་དེ་ཐོབ་པའོ། ། བཞི་པ་ལམ་བདེན་གྱི་ཡན་ལག་བཞི་ནི། ལམ། རིག་པ། སྒྲུབ་པ། ངེས་འབྱིན་བཅས་བཞིའོ། །ལམ་ནི། སོ་སྐྱེའི་ས་ནས་འཕགས་པའི་ས་ཡི་བར་ཡིན་ནོ། ། རིག་པ་ནི།ཉོན་མོངས་ཀྱི་གཉེན་པོར་གྱུར་པའི་ཤེས་རབ་ཡེ་ཤེས་ཀྱི་རིག་པ་ཉིད་དོ། ། སྒྲུབ་པ་ནི། སེམས་ཕྱིན་ཅི་མ་ལོག་པར་ཡང་དག་པར་སྒྲུབ་པའོ། །ངེས་འབྱིན་ནི། ཉེས་པ་ཐམས་ཅད་དང་བྲལ་ནས་གཏན་བདེའི་གནས་སུ་ཁྲིད་པའོ།།
ལྔ་པ་ཇི་ལྟར་ཉམས་སུ་ལེན་ཚུལ་ནི།
མི་འདོད་པའི་སྡུག་བསྔལ་འདི་ཉིད་ནི་ནད་ལྟ་བུ་དང་། ཀུན་འབྱུང་ནི་ནད་དེ་སྐྱེད་པར་བྱེད་པའི་ཟས་དང་སྤྱོད་ལམ་མ་འགྲིག་པ་ལྟ་བུ་དང་། འགོག་པ་ནི་ནད་ཀྱི་སྡུག་བསྔལ་ཞི་བའི་ཆ་ལྟ་བུ། ལམ་ནི་ནད་དེ་འཆོས་བྱེད་ཀྱི་སྨན་ལྟ་བུ་བཅས་ཡིན་ནོ། །རྒྱུད་བླ་མ་ལས། །ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེར་གནས་འཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རིག་པར་བྱ་ཞིང་བསྟེན་པར་བྱ། །ཞེས་གསུངས་པ་ལྟར། སྤྱིར་བཏང་རྒྱུ་འབྲས་འགྲེལ་བཤད་བྱེད་སྐབས་དང་པོ་རྒྱུ་སྔོན་དུ་བཤད་ནས་དེ་ནས་རིམ་བཞིན་དེས་བསྐྱེད་པའི་འབྲས་བུ་བཤད་དགོས་ཀྱང་། བདེན་བཞིའི་སྐབས་སུ་དང་པོ་འབྲས་བུ་བཤད་ཡོད།དེ་ལ་དགོས་པ་ཧ་ཅང་ཆེན་པོ་ཡོད། དགོས་པ་གང་ཡོད་ཅེ་ན། དང་པོ་ཁྱེད་རང་གི་མི་འདོད་པའི་འབྲས་བུ་སྡུག་བསྔལ་འདི་རྣམས་སྤང་དགོས་ན་སྡུག་བསྔལ་དེ་ཉིད་ངོ་འཕྲོད་དགོས། སངས་རྒྱས་ཀྱིས་དང་པོ་སྡུག་བསྔལ་ཤེས་པར་བྱ་ཞེས་གསུངས་པ་ལས་ཀུན་འབྱུང་ཤེས་པར་བྱ་ཞེས་གསུངས་མེད་དོ། ། དེ་ལ་ཧ་ཅང་གོ་རྒྱུ་ཆེན་པོ་ཡོད། གལ་སྲིད་ད་ལྟ་ང་ཚོས་དངོས་སུ་མྱོང་བཞིན་པའི་སྡུག་བསྔལ་འདི་སྡུག་བསྔལ་ཡིན་པར་ངོ་མ་འཕྲོད་ན་སྡུག་བསྔལ་དེ་ཉིད་ཀྱི་རྒྱུ་ཀུན་འབྱུང་ཉོན་མོངས་པ་སྤོང་འདོད་ཀྱི་བློ་མི་སྐྱེ། དཔེར་ན་ནད་ཀྱིས་མནར་ཏེ་སྡུག་བསྔལ་བའི་ནད་པ་ཞིག་གིས་དང་པོ་རང་ཉིད་ནད་ལས་ཐར་པའི་བདེ་བ་ཞིག་དགོས་ན། ཐོག་མར་ནད་དེ་གསལ་པོར་ངོས་འཛིན་ཐུབ་དགོས། དེ་ནས་ནད་ཀྱི་གཉེན་པོ་སྨན་པ་དང་སྨན་བསྟེན་ནས་ནད་ལས་ཐར་བའི་ཐབས་ཤེས་བྱེད་དགོས། ནད་ངོས་མ་ཟིན་ནས་བློ་བུར་དུ་སྨན་ཟོས་ཀྱང་སྨན་གྱིས་མི་ཕན་པ་བཞིན་ནོ། །ད་དུང་དཔེ་གཞན་དག་ཅིག་ཡོད། དཔེར་ན། མདའ་འཕེན་པའི་སྐབས་སུ་དང་པོ་འབེན་གང་དུ་ཡོད་གསལ་པོར་མ་མཐོང་ན་མདའ་འབེན་དུ་མི་ཕོག་པ་ལྟར་སྡུག་བསྔལ་གྱིས་མནར་བའི་སྐྱེ་བོ་ཞིག་གིས་ཀྱང་རང་ཉིད་སྡུག་བསྔལ་དེ་ལས་ཐར་བའི་འགོག་བདེན་ཞིག་འཐོབ་པ་ལ་ཡང་། ཐོག་མར་སྡུག་བསྔལ་ངོས་བཟུང། དེ་ནས་སྡུག་བསྔལ་གྱི་རྒྱུ་གང་ཡིན་བརྟག་དཔྱད་བྱས་པ་ན་སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་ཉོན་མོངས་པ་ཁོ་ན་ཡིན་པར་ཤེས་ཏེ་ཉོན་མོངས་ལ་རང་བཞིན་དུ་དགྲ་ལྟར་དུ་མཐོང་ནས་དེ་ཉིད་སྤོང་འདོད་ཀྱི་བློ་སྐྱེ་བའོ།། གཉིས་པ་ལམ་བདེན་དང་འགོག་བདེན་གཉིས་ཀྱང་སྤྱིར་བཏང་རྒྱུ་ལམ་བདེན་ལ་བརྟེན་ནས་འབྲས་བུ་འགོག་བདེན་འཐོབ་ཀྱི་ཡོད་ཀྱང་། སྐབས་འདིར་ཡང་རྒྱུ་སྔོན་དུ་མ་བཤད་པར་འབྲས་བུ་འགོག་བདེན་སྔོན་དུ་བཤད་པ་ལ་དགོས་པ་ཡོད། དགོས་པ་གང་ཡོད་ཅེ་ན། འབྲས་བུ་འགོག་བདེན་སྟོང་པ་ཉིད་དང་དེའི་དགོས་པ་ཕན་ཡོན་སྐོར་བཤད་ན་དེ་འདྲའི་ཟབ་རྒྱས་སྟོང་ཉིད་དེ་ལམ་གང་ནས་ཡོང་གི་ཡོད་པ་བརྟག་དཔྱད་བྱེད་ཅིང་མཐར་ལམ་དེ་ཉིད་ལ་དམ་པའི་ཆོས་ལམ་བདེན་ཁོ་ན་ནས་ཡོང་གི་ཡོད་པ་ཤེས་ནས་ལམ་བདེན་ལ་འཇུག་འདོད་ཀྱིས་དཔེར་ན་སྒེག་མོའི་མགོ་ལ་མེ་ཤོར་བ་དང་། སྡར་མའི་པང་དུ་སྦྲུལ་འཁྱིལ་བ་ལྟར་ལེ་ལོ་དང་ཕྱི་གཤོལ་མི་བྱེད་པར་ཆོས་ལ་བརྩོན་འགྲུས་སུ་འཇུག་ཅིང་མཐར་ཐུག་བདེན་བཞིའི་རྒྱུ་འབྲས་མ་ནོར་བར་ཇི་ལྟར་ཉམས་སུ་བླངས་པས་རང་ཉིད་སྐྱེ་བ་མང་པོར་ཉོན་མོངས་ཀྱི་བྲན་གཡོག་ལས་རྒྱལ་ཐུབ་པའོ།། མདོ་ལས། །བདག་ཉིད་བདག་གི་མགོན་ཡིན་ཞིང་། །རང་གི་སྐྱབས་ནི་རང་ཉིད་ཡིན། །དེས་ན་ཚོང་པས་རྟ་བརྟུལ་བཞིན། །རང་གིས་རང་ཉིད་དུལ་བར་བྱ།།ཞེས་གསུངས་པ་ལྟར། རང་གི་བདེ་སྡུག་རང་རང་གིས་སྒྲུབ་དགོས་པ་གཙོ་བོ་རང་གི་ལག་པར་ཡོད་པ་གསུངས་པ་ཡིན། བདེན་བཞིའི་ཆོས་ཀྱི་འགྲོ་སྟངས་འདི་ལ་དམིགས་བསལ་གྱི་ཁྱད་ཆོས་བླ་ན་མེད་པ་ཡོད་དོ།།
གཉིས་པ་ཡན་ལག་གི་སྒོ་ནས་རྒྱས་པར་བཤད་པ་ནི།
སྣང་སྲིད་ཀྱི་ཤེས་བྱའི་ཆོས་འདི་ལ་བདེ་སྡུག་གི་ཚོར་བ་ཡོད་པའི་སེམས་ལྡན་དང་སེམས་མེད་ཀྱི་རིགས་གཉིས་ཡོད། སེམས་ལྡན་རྣམས་ནི་སེམས་དང་ནམ་ཡང་འབྲལ་བ་མེད་པར་རྟག་ཏུ་སེམས་དང་ལྡན་པའི་སྒོ་ནས་ཚེ་འགྲོ་གི་ཡོད། སེམས་ཅན་གྱི་ནང་དུ་རིགས་དང་། སྐྱེ་གནས། ལུས་ཀྱི་གནས་སྟངས་སོགས་ལས་ཀྱི་དབང་གིས་སྣ་ཚོགས་མ་འདྲ་བ་མང་པོ་ཡོད་ཀྱང་། སེམས་ཅན་ཐམས་ཅད་ལ་སེམས་ཡོད་པ་ནི་གཅིག་པ་ཡིན། ང་ཚོར་སེམས་དེ་ཡོད་པའི་སྟབས་ཀྱིས་དེ་དང་མཉམ་དུ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པའི་བསམ་བློ་ངང་གིས་འབྱུང་བ་ཡིན། དེ་ཡིན་ཙང་། སྟོན་པས་སེམས་ཅན་གྱི་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པའི་བསམ་བློ་ལ་བསྟུན་ནས། རྟེན་འབྱུང་གི་ལྟ་གྲུབ་གཞི་རྩར་བྱས་པའི་སྒོ་ནས་བདེ་བ་སྒྲུབ་པའི་ཐབས་དང་། སྡུག་བསྔལ་འགོག་པའི་ཐབས་ལ་བདེན་བཞིའི་ཆོས་འདི་གལ་ཆེན་པོའི་སྒོ་ནས་གསུངས་པ་ཡིན། ང་ཚོའི་མི་ཚེའི་ནང་དངོས་གནས་བདེ་བ་སྒྲུབ་པ་དང་སྡུག་བསྔལ་འགོག་འདོད་ཡོད་ན་བདེན་བཞི་འདི་ཧ་ཅང་གལ་གནད་ཆེན་པོ་ཡིན།མདོར་ན་སེམས་ཅན་རྣམས་ཀྱིས་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཞིར་བྱས་ནས་སངས་རྒྱས་ཀྱིས་བདེན་བཞི་བཀའ་སྩལ་པ་རེད། འདོད་པའི་བདེ་བ་དང་མི་འདོད་པའི་སྡུག་བསྔལ་འདི་དག་འགྱུར་བ་ཡོད་པས་མི་རྟག་པ་དང་། རྒྱུ་དང་རྐྱེན་གྱིས་བྱས་པའི་ཆོས་ཡིན་ཙང་དེ་ལ་དགོངས་ནས་བདེན་བཞི་དང་མཉམ་དུ་རྟེན་འབྲེལ་བཅུ་གཉིས་སོགས་གསུངས་ཡོད་པ་རེད། འོ་ན་བདེན་པ་བཞི་ལས། དང་པོ་སྡུག་བསྔལ་གྱི་བདེན་པ་ཞེས་པ་དེ་གང་ཞེ་ན། སྤྱིར་བཏང་སྡུག་བསྔལ་ལ་ཕྱི་ཡི་སྡུག་བསྔལ་དང་། ནང་གི་སྡུག་བསྔལ་གཉིས་ཡོད། ཕྱི་ཡི་སྡུག་བསྔལ་ནི། ཕྱི་ཡི་འབྱུང་བཞིས་བསྡུས་པའི་སྣོད་འདི་རྣམས་ཡིན། ནང་གི་སྡུག་བསྔལ་ནི། ནང་གི་བཅུད་སེམས་ཅན་རྣམས་དང་ལྷག་པར་དུ་ད་ལྟའི་ཕུང་པོ་ལྔ་ཡི་ཁུར་འཛིན་མཁན་གྱི་གང་ཟག་འདི་ཉིད་ཀྱི་ཕྱི་ནང་ཡོངས་རྫོགས་ལ་གོ་དགོས། དཔེར་ན་ནང་གི་སེམས་དེ་ཉིད་ཀྱི་དབང་གིས་ཕྱི་རོལ་གྱི་ཡུལ་ལ་ཆགས་པ་སྐྱེས་ནས་དེ་བདེན་པར་འཛིན་ཅིང་དེའི་དོན་དུ་རང་ཁེ་གཞན་ཕམ་གྱི་ཆེད་དུ་དམག་འཁྲུག་དང་། དེའི་རྐྱེན་གྱིས་ནད་ཡམས་འཁྲུག་རྩོད་སོགས་འབྱུང་གི་ཡོད། གང་ལྟར་གཟུང་འཛིན་གཉིས་ཀྱིས་ཉོན་མོངས་སོགས་གང་བསྐྱེད་པ་རྣམས་སྡུག་བསྔལ་གྱི་རྒྱུ་རུ་འགྱུར་བའོ།། སྡུག་བསྔལ་གསུམ་གང་ཞེ་ན། དང་པོ་སྡུག་བསྔལ་གྱི་སྡུག་བསྔལ་ནི། ད་ལྟ་ང་རང་ཚོ་ལ་དངོས་སུ་མྱོང་བཞིན་པའི་སྡུག་བསྔལ།དཔེར་ན། མགོ་དང་གྲོད་པ་ན་བ་སོགས་ཚོར་བ་སྡུག་བསྔལ་དངོས་སུ་མྱོང་བཞིན་པ་འདི་རྣམས་ཡིན། གཉིས་པ་འགྱུར་བའི་སྡུག་བསྔལ་ནི། ད་ལྟ་སེམས་ཅན་རྣམས་ཀྱི་བདེ་བར་ལོངས་སྤྱོད་བཞིན་པ་འདི་ཉིད་ཡིན་ནོ།། ད་ལྟའི་གནས་སྐབས་ཚོར་བ་བདེ་བ་ཙམ་གྱིས་སྡུག་བསྔལ་དངོས་སུ་མི་མཐོང་ཡང་། གནས་སྐབས་ཀྱི་བདེ་བ་དེ་རིམ་གྱིས་ནུས་མེད་དུ་གྱུར་ནས་མཐར་སྡུག་བསྔལ་དུ་འགྱུར་འགྲོ་བ་ལ་འགྱུར་བའི་སྡུག་བསྔལ་ཏེ། དཔེར་ན། དུག་ཅན་གྱི་ཁ་ཟས་ཟོས་པ་ན། གནས་སྐབས་གྲོད་པ་ལྟོགས་པའི་སྡུག་བསྔལ་ལས་གྲོལ་ཏེ་བདེ་བ་ལྟ་བུ་ཡོད་ཀྱང་། ཅུང་ཙམ་རྗེས་ནས་དུག་གཟེར་ལངས་ཏེ་སྡུག་བསྔལ་མྱོང་བ་ལྟ་བུ་དང་། གཟུགས་སྒྲ་དྲི་རོ་རེག་བྱ་སོགས་ལ་བསྟེན་པའི་བདེ་བ་ནི་གནས་སྐབས་ཀྱི་བདེ་བ་ཡིན་གསུངས་པ་ལྟར་དཔེར་ན་མི་ཞིག་གནས་སྐབས་གྲང་བའི་རྐྱེན་གྱིས་ཉི་མར་བསྟེན་འདོད་ནས་དང་པོ་ཉི་མ་ལུས་ཐོག་ཏུ་རེག་པའི་སྐབས་ཉིད་ན་བདེ་བ་ལྟར་སྣང་ཡང་། ཉི་མ་བསྟེན་ཡུན་རིང་དྲགས་ན་རང་བཞིན་གྱིས་སྡུག་བསྔལ་དུ་འགྱུར་འགྲོ་བ་ལྟ་བུ་རེད། སྡུག་བསྔལ་གསུམ་པ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ནི། སྡུག་བསྔལ་གྱི་སྡུག་བསྔལ་དང་འགྱུར་བའི་སྡུག་བསྔལ་གཞི་རྟེན་བྱེད་མཁན་ཟག་བཅས་ཉེར་ལེན་གྱི་ལུས་སེམས་ཀྱི་ཕུང་པོ་ལྟ་བུ་དེ་ཡིན། དེ་ལ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཞེས་བརྗོད་དོན་ནི། སྡུག་བསྔལ་དེ་ཉིད་ཀྱིས་འགྲོ་བ་ཀུན་ལ་ཁྱབ་ཅིང་། ད་ལྟའི་སྡུག་བསྔལ་གྱི་རྟེན་དང་མ་འོངས་པའི་སྡུག་བསྔལ་མང་པོ་འདུ་བྱེད་པ་སྟེ། གང་ལྟར་སྡུག་བསྔལ་མང་པོ་སྐྱེད་པར་བྱེད་པའི་ཆ་ནས་ཡིན། མདོར་ན། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཞེས་པ་དེ། ལས་ཉོན་གྱི་གཞན་དབང་དུ་སོང་སྟེ་རང་དབང་མེད་ཅིང་གཞན་དབང་དུ་སོང་བ་དེ་ཉིད་ལ་འདུ་བྱེད་ཀྱི་སྡུག་བསྔལ་ཞེས་བྱ། དེ་ལ་ཟག་བཅས་ཉེ་བར་ལེན་པའི་ཕུང་པོ་ལྔ་ཡོད། དེ་ལྟར་སྡུག་བསྔལ་ལ་རིགས་མི་འདྲ་བ་གསུམ་གསུངས་པ་ཡིན། གཉིས་པ་ཀུན་འབྱུང་བདེན་པ་གང་ཞེ་ན།དེ་ནི་གོང་དུ་བཤད་པའི་སྡུག་བསྔལ་གསུམ་ལ་སོགས་པ། འབྲས་བུ་སྡུག་བསྔལ་ཀུན་འབྱུང་བའི་སྐྱེད་བྱེད་ཀྱི་རྒྱུ་ཞིག་ལ་ཟེར། དེ་ལ་ལས་ཀྱི་ཀུན་འབྱུང་དང་། ཉོན་མོངས་པའི་ཀུན་འབྱུང་གཉིས་ཡོད། གོང་དུ་བཤད་པའི་སྡུག་བསྔལ་ཡོད་པ་དེ་ངོ་འཕྲོད་ན། དེ་འདྲའི་སྡུག་བསྔལ་དེ་འབྲས་བུ་ཡིན་པས་དེ་སྐྱེད་བྱེད་ལ་རྒྱུ་ངེས་པར་དུ་དགོས་ཤིང་། ཞིབ་ཏུ་དཔྱད་ན་སྡུག་བསྔལ་དེ་ཉིད་ཀྱི་རྒྱུ་ཀརྨའམ་ལས་ལ་བརྟེན་ནས་བྱུང་ཡོད། དེ་ཡང་རིམ་གྱིས་ཡར་དེད་ནས་བརྩད་བཅད་ཡོང་དུས་རྒྱུ་ཆགས་སྡང་གི་ཉོན་མོངས་ལས་བྱུང་བ་དང་། དེ་ཡང་རིམ་གྱིས་ཡར་དེད་ནས་བརྩད་བཅད་ཡོང་ན་བདག་འཛིན་མ་རིག་པ་ལས་བྱུང་བར་ཤེས་ཀྱི་ཡོད། དེ་ལྟ་བས་ན་འབྲས་བུ་སྡུག་བསྔལ་བདེན་པ་དེ། རྒྱུ་ཀུན་འབྱུང་བདེན་པ་ལས་བྱུང་བ་ཡིན། རྒྱུ་ཀུན་འབྱུང་བདེན་པ་དེ་ལ་ལས་དང་ཉོན་མོངས་པའི་ཀུན་འབྱུང་གཉིས་ཡོད་པའི་ནང་ནས་དང་པོ་ལས་ནི། རྒྱ་གར་སྐད་དུ་ཀརྨ་ཞེས་བྱ། དེ་ལ་དབྱེ་ན། མི་དགེ་བའི་ལས་དང་། དགེ་བའི་ལས་དང་། ལུང་མ་བསྟན་གྱི་ལས་གསུམ་ཡོད། མི་དགེ་བའི་ལས་ནི། འབྲས་བུ་ངན་པའམ་སྡུག་བསྔལ་སྐྱེད་བྱེད་ཀྱི་ལས་ཡིན་པས་སྤང་བྱ་ཡིན། མི་དགེ་བའི་ལས་ལ་བཅུ་ཡོད། ལུས་ཀྱི་སྒོ་ནས་སྲོག་གཅོད། མ་བྱིན་ལེན། ལོག་གཡེམ་དང་གསུམ། ངག་གི་སྒོ་ནས། རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ་དང་བཞི། ཡིད་ཀྱི་སྒོ་ནས། བརྣབ་སེམས། གནོད་སེམས། ལོག་ལྟ་དང་གསུམ་བཅས་བསྡོམས་ན་ལས་བཅུ་ཡོད། དེ་ནས་དགེ་བའི་ལས་ཀྱི་སྐོར་བཤད་ན། སྤྱིར་དགེ་བའི་ལས་ཞེས་པ་ནི། འབྲས་བུ་བཟང་པོའམ་བདེ་སྐྱིད་ཀྱི་ལས་བཟང་པོ་ཞིག་ལ་ཟེར། དེ་ལས་བཟང་པོ་ཡིན་པས་བླང་བྱ་ཡིན་ལ་གོང་དུ་མི་དགེ་བ་བཅུ་རྣམས་སྤངས་པས་དགེ་བ་བཅུ་ལ་གནས་འགྱུར་བ་ཡིན། དཔེར་ན་ལུས་ཀྱིས་སྲོག་གཅོད་སྤངས་ནས་ཉམ་ཆུང་དུད་འགྲོ་རྣམས་སྲོག་སྐྱོབ་པ་དང་། མ་བྱིན་པ་ལེན་པ་སྤངས་ནས་གཞན་ལ་སྦྱིན་པ་གཏོང་བ། མི་ཚངས་སྤྱོད་པ་སྤངས་ནས་དགེ་བསྙེན་གྱི་སྡོམ་པ་བཟུང་བ། ངག་གིས་རྫུན་སྤངས་ནས་གཞན་ལ་བདེན་པར་སྨྲ་བ་དང་། ཕྲ་མ་སྤངས་ནས་གཞན་གྱི་འཁོན་པ་ཟླུམ་པ། ཚིག་རྩུབ་སྤངས་ནས་གཞན་ལ་ཚིག་འཇམ་པོར་སྨྲ་བ། ངག་འཁྱལ་སྤངས་ནས་ཁ་འདོན་བྱེད་པ། ཡིད་ཀྱིས་བརྣབ་སེམས་སྤངས་ནས་ཆོག་ཤེས་ལ་གནས་པ། གནོད་སེམས་སྤངས་ནས་བྱམས་སྙིང་རྗེ་སྒོམ་པ། ལོག་ལྟ་སྤངས་ནས་ཀུན་ལ་དག་སྣང་སྦྱོང་བ་སོགས་ཡིན། མི་དགེ་བ་བཅུ་སྤངས་པའི་ཤུལ་དུ་དགེ་བ་བཅུ་ཟེར་བ་ཞིག་ལོགས་སུ་མེད། གསུམ་པ་ལུང་མ་བསྟན་གྱི་ལས་ནི། འབྲས་བུ་བཟང་ངན་བདེ་སྡུག་གང་ཡང་མི་སྐྱེ་བར་བཏང་སྙོམས་སྐྱེད་བྱེད་ཀྱི་ལས་ཡིན་པས་ལས་དེ་ནི་བཟང་ངན་གང་ཡང་མིན་པར་བར་མའི་ཕྱོགས་སུ་གནས་པས་དེ་ལ་དགེ་བ་དང་མི་དགེ་བ་གང་གི་ཕྱོགས་སུ་ལུང་དུ་མ་བསྟན་པས་ན་ལུང་མ་བསྟན་གྱི་ལས་ཟེར།དེ་ནས་ཀུན་འབྱུང་ལ་ལས་ཀྱི་ཀུན་འབྱུང་དང་ཉོན་མོངས་པའི་ཀུན་འབྱུང་གཉིས་ལས། གཉིས་པ་ཉོན་མོངས་པའི་ཀུན་འབྱུང་ནི། རྒྱ་གར་སྐད་དུ། ཀླེ་ཤཱ་ཞེས་ཟེར་ལ། བོད་སྐད་དུ། ཉོན་མོངས་ཟེར་བའི་དོན་ནི་བཀྲ་མ་ཤིས་པའི་ཚིག་གཅིག་ཡིན། གང་ལྟར་སེམས་རྒྱུད་མ་ཞི་བར་བྱེད་པ་དང་འཁྲུག་པར་བྱེད་པའི་བློ་ངན་པ་ཞིག་ལ་ཟེར་བ་ཡིན། བློ་དེ་ཉིད་རང་བཞིན་གྱིས་ཆགས་སྡང་རྨོངས་གསུམ་གྱིས་ཟིན་པ་དང་། མ་ཟད་ཕྲག་དོག། འཁོན་འཛིན། ང་རྒྱལ། ཞེ་སྡང་སོགས་ཉོན་མོངས་ཕྲ་རགས་ཧ་ཅང་གྲངས་མང་པོ་ཞིག་བློ་དེ་ལ་གནས་ཡོད། སྤྱིར་བཏང་སྡུག་བསྔལ་གྱི་རྒྱུ་ཡི་གཙོ་བོ་ནི་བདག་ཏུ་འཛིན་པ་འདི་ཡིན་པ་ནང་པའི་གཞུང་ལུགས་རྣམས་སུ་གསལ་པོར་གསུངས་ཡོད། ཚད་མ་རྣམ་འགྲེལ་ལས། །བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང་། །འདི་དག་དང་ནི་ཡོངས་འབྲེལ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་གསུངས། དེའི་དོན་ནི་ཐོག་མར་རང་གི་རྒྱུད་ལ་ངའོ་སྙམ་པའི་སེམས་ག་དུས་ཡིན་ནའང་ཡོད་པ་རེད། བསམ་པ་དེའི་ཐོག་ནས་ངའམ་བདག་ཅེས་པ་དེ་བློ་ལ་ཤར་ཡོང་དུས་དེ་ལ་རིམ་གྱིས་གོམས་པའི་དབང་གིས་བློ་བུར་དུ་ངའམ་བདག་ཅེས་པ་རང་དབང་དང་བདེན་གྲུབ་ཏུ་ཡོད་པར་འཛིན་གྱི་ཡོད། དེས་རང་དབང་གིས་ཡོད་པར་འཛིན་པའི་བདག་དེ་ཉིད་ལ་སྲུང་སྐྱོབ་ཀྱི་ཆེད་དུ་དེ་ལ་ཕན་པར་བྱེད་མཁན་རྣམས་ལ་བདག་གི་ཕྱོགས་དང་དེ་ལ་གནོད་པ་བྱེད་མཁན་རྣམས་ལ་གཞན་གྱི་ཕྱོགས་ཞེས་འཛིན་གྱི་ཡོད། གང་ལྟར་ཆགས་སྡང་གི་དབང་གིས་རང་ཕྱོགས་དང་གཞན་ཕྱོགས་ཞེས་སྡེ་ཚན་གྱི་གཉིས་སུ་དབྱེ་བ་འབྱེད་ཀྱི་ཡོད། དེ་ནི་རྒྱུ་ཡི་རྩ་བ་ང་ཞེས་པའི་བདག་འཛིན་འདི་ལ་ཐུག་ཡོད། ང་ཞེས་པའི་བདག་འཛིན་དེ་ཉིད་ཀྱིས་བདག་གཞན་གྱི་ཕྱོགས་གཉིས་ཕྱེ་བ་ན། བདག་ཕྱོགས་ཞེས་བདག་ལ་ཕན་པར་བྱེད་པའི་རྒྱུ་མཚན་གྱིས་བདག་གི་གཉེན་དང་གྲོགས་ཞེས་ཆགས་པ་སྐྱེ་བ་དང་། གཞན་ཕྱོགས་ལ་བདག་ལ་གནོད་པ་བྱས་པའི་རྒྱུ་མཚན་གྱིས་བདག་གི་དགྲ་ཞེས་སྡང་བའི་བློ་སྐྱེ་ཡི་ཡོད། དེ་ལྟར་ཆགས་སྡང་གི་བློ་ངན་གཉིས་པོ་དེ་ལ་བརྟེན་ནས་གོང་དུ་བཤད་མ་ཐག་པའི་སྡིག་པ་མི་དགེ་བ་བཅུ་ལ་འཇུག་པ་སོགས་སྡིག་པའི་ལས་སྣ་ཚོགས་པ་ཞིག་གསོག་གི་ཡོད་པ་རེད། ལས་བསགས་པ་དེས་འབྲས་བུ་སྡུག་བསྔལ་མང་པོ་ཡོང་གི་ཡོད་པ་རེད། ཉོན་མོངས་དུག་གསུམ་གྱིས་ཀུན་ནས་བསླངས་པའི་རྒྱུ་ཡིན་ན་འབྲས་བུ་སྡུག་བསྔལ་ཁོ་ན་ཡིན་པ་རེད། ཀླུ་སྒྲུབ་ཀྱིས།།འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བ། །མ་ཆགས་མ་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བ་འོ། །ཞེས་གསུངས་སོ།།
གསུམ་པ་འགོག་པའི་བདེན་པ་གང་ཡིན་ཞེ་ན། འགོག་བདེན་འཐོབ་བྱེད་ཀྱི་ཐབས་ལམ་བདེན་ལ་བརྟེན་ནས་སེམས་ཀྱི་ཉོན་མོངས་ཕྲ་རགས་ཅི་རིགས་པ་སྤངས་པའམ་འགོག་པའི་ཡོན་ཏན་ཞིག་ལ་ཟེར། འོ་ན་འགོག་བདེན་ཞེས་པ་དེ་སྡུག་བསྔལ་གྱི་རྒྱུ་སེམས་ཀྱི་ཉོན་མོངས་ཡོངས་རྫོགས་སྤངས་པ་ལ་ཟེར་ན། ཉོན་མོངས་རྩ་བ་ནས་སྤང་རྒྱུ་ཡོད་དམ་ཟེར་ན། ཉོན་མོངས་སྤང་ཐུབ་པའི་རྒྱུ་མཚན་ཏན་ཏན་ཡོད། འདིར་ཉོན་མོངས་སྤང་ཐུབ་པ་རྒྱུ་མཚན་གསུམ་གྱི་སྒོ་ནས་བཤད་ཀྱི་ཡིན། རྒྱུ་མཚན་དང་པོ་ནི། ཚད་མ་རྣམ་འགྲེལ་ལས། །སེམས་ཀྱི་རང་བཞིན་འོད་གསལ་བ། །དྲི་མ་རྣམས་ནི་བློ་བུར་བ། །ཞེས་གསུངས་པ་ལྟར། སེམས་ཀྱི་རང་བཞིན་ནི་འོད་གསལ་བའི་ལྷ་ཁང་ལྟ་བུ་ཡིན་པ་ལས། དུག་གསུམ་གྱིས་ཁེངས་པའི་སྙོག་ལུད་ཀྱི་ཚང་ཞིག་གཏན་ནས་མིན།དྭགས་པོའི་ཐར་རྒྱན་ལས།སངས་རྒྱས་ནི་ཆོས་སྐུ་ཡིན་ལ། ཆོས་སྐུ་ནི་སྟོང་ཉིད་ཡིན་ཏེ། སྟོང་ཉིད་དེས་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་ཕྱིར་ན་ཡང་། སེམས་ཅན་རྣམས་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་པའོ། གཞི་ལ་ཡོད་པའི་ཆོས་ཉིད་དེ་བཞིན་ཉིད་ལ་དབྱེ་བ་མེད་དེ། སངས་རྒྱས་ཀྱི་དེ་བཞིན་ཉིད་དང་། སེམས་ཅན་གྱི་དེ་བཞིན་ཉིད་ལ་ཡེ་གདོད་མ་ནས་བཟང་ངན་ནམ། ཆེ་ཆུང་། མཐོ་དམན་གྱི་དབྱེ་བ་མེད་པས་ན་ཡང་། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་པའོ།། ཞེས་གསུངས་པ་ལྟར་སེམས་ཀྱི་རང་བཞིན་ནི་ཡེ་ནས་ཉོན་མོངས་ཆགས་སྡང་སོགས་ཀྱིས་མ་གོས་པ་རང་བཞིན་འོད་གསལ་གྱི་ཚུལ་དུ་གནས་ཡོད། སེམས་སྟེང་གི་དྲི་མ་ཆགས་སྡང་འདི་རྣམས་ནི་གནས་སྐབས་བློ་བུར་བའི་ཤེས་པ་ཡིན་ལ་མི་རྟག་པའི་ངོ་བོར་གནས་ཡོད། སེམས་ཀྱི་དངོས་ཡོད་གནས་ལུགས་དེ་ནི་དོན་དམ་པའི་སྤྱོད་ཡུལ་ཅན་ཉོན་མོངས་ཀྱིས་གཏན་ནས་གོས་མྱོང་མེད། དཔེར་ན། ནམ་མཁའི་རང་བཞིན་ལ་སྤྲིན་པ་ཇི་ལྟར་ཆེ། རྒྱུན་ཇི་ལྟར་རིང་ཡང་ནམ་མཁའི་རང་བཞིན་སྔོ་སང་ངེ་བ་ལ་སྤྲིན་པས་འགྱུར་བ་འགྲོ་མི་ཐུབ་པ་ལྟར་དུ་ཡིན།རྒྱུ་མཚན་དེ་ལ་བརྟེན་ནས་ཉོན་མོངས་ཀྱི་བློ་འདི་རྣམས་གནས་སྐབས་ཙམ་ཡིན་པས་ཟད་རུང་དང་སྤང་རྒྱུ་ཡོད་པ་ཅན་ཞིག་ཡིན་ནོ།། རྒྱུ་མཚན་གཉིས་པ་ནི། རང་རྒྱུད་ཀྱི་ཆགས་སྡང་སོགས་ཉོན་མོངས་པའི་བློ་རྣམས་ནི་བློ་ནོར་བ་དང་འཁྲུལ་པའི་དབང་གིས་ཡུལ་གྱི་དངོས་ཡོད་གནས་ཚུལ་དང་མི་མཐུན་པར་འཇུག་པ་ཡིན་པས་ནོར་བའི་བློ་དེ་ལ་རྒྱབ་རྟེན་བློ་གཞན་གྱི་ཚད་མ་ཡང་དག་པ་མེད། གཉེན་པོ་བདག་མེད་ཀྱི་ལྟ་བ་དང་བྱམས་སྙིང་རྗེ་སོགས་དགེ་བའི་བློ་རྣམས་དངོས་ཡོད་གནས་ཚུལ་དང་མཐུན་པའི་ཡང་དག་པའི་བློ་ཡིན་པས་དེ་ལ་ཇི་ཙམ་གོམས་ན་དེ་ཙམ་གྱིས་བློ་དེ་ཉིད་ལ་རྒྱབ་རྟེན་གྱི་ཚད་མ་དང་དཔང་པོ་ཡང་དག་ཡོད། དཔེར་ན་མི་ཞིག་གིས་མི་གཞན་ཞིག་བསད་ན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་འགལ་ཡོད་ན། ནག་ཅན་པ་དང་། གྱོད་ཡ་བཅས་གཉིས་ཀ་ཁྲིམས་ཁང་དུ་འགྲོ་དགོས། ཁྲིམས་ཁང་ནས་ཟུར་ཉན་དང་། དཔང་པོ། ཁྲིམས་དཔོན་སོགས་ཀྱིས་གྱོད་ཡ་དང་ནག་ཅན་པ་དེ་གཉིས་ཀ་སུ་ལ་བདེན་པ་ཡོད་མེད་དབྱེ་འབྱེད་བྱེད་ཅིང་དྲང་བདེན་གྱིས་བརྟག་དཔྱད་བྱས་ནས་ཐག་གཅད་དགོས། གང་ལ་བདེན་པ་ཡོད་པ་དེ་ལ་རྒྱལ་ཁ་འཐོབ། དཔེ་དེ་ལྟར་ཉོན་མོངས་གཡོ་ཅན་གྱིས་བསླུས་པའི་སེམས་འདི་ལ་དུས་ནམ་ཡང་རྒྱལ་ཁ་ཐོབ་མི་སྲིད། ནམ་ཞིག་རྒྱལ་ཁ་ནི་རིག་པའི་ཡེ་ཤེས་ཐོབ་པའོ།། དཔེར་ན་ཕྱི་ཡི་འབྱུང་བ་ཚ་གྲང་ལྟར་གང་ལ་ཚ་བ་ཡོད་པའི་གནས་སུ་གྲང་བ་མེད་པ་ནི་དངོས་པོའི་ཆོས་ཉིད་ལྟར། གང་ལ་གཉེན་པོ་སྟོབས་ལྡན་ཡོད་པའི་གནས་དེར་སྤང་བྱ་མེད་པ་ནི་དངོས་པོའི་ཆོས་ཉིད་ཡིན། ཚ་གྲང་གཉིས་གཞི་གཅིག་གི་ཐོག་ཏུ་ལྷན་གཅིག་ཏུ་གནས་མི་སྲིད་པ་ལྟར་རེད།སེམས་སྟེང་གི་ཉོན་མོངས་སོགས་ཀྱང་མི་རྟག་པ་ཡིན་པས་འགྱུར་བ་འགྲོ། འགྱུར་བ་འགྲོ་རྒྱུ་ཡོད་པའི་ཆོས་ཞིག་ཡིན་ནས་བཟུང་སྟེ་དེ་ཉིད་བསླུ་བའི་ཆོས་དང་མི་བདེན་པའི་ཆོས་ཞིག་ཡིན། ཉོན་མོངས་ཀྱི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་ཉིད་མ་རིག་པ་ལ་དངོས་སུ་འཛིན་སྟངས་དངོས་འགལ་དུ་གནས་ཤིང་དེ་ཉིད་ལ་རྒྱབ་རྟེན་གྱི་ཚད་མ་ཡང་དག་ཡོད། བློ་དེ་ཉིད་ལ་གོམས་ཤིང་འདྲིས་པར་གྱུར་ན་ནམ་ཞིག་བློ་ཕྱིན་ཅི་ལོག་པ་ཉོན་མོངས་རྣམས་སྤང་ཐུབ། རྒྱུ་མཚན་གསུམ་པ། ནང་སེམས་བཟང་པོའི་ཕྱོགས་ལ་གོམས་ན་ཡར་རྒྱས་ལ་མཐའ་མེད་པ་ཡིན། དཔེར་ན་དེང་སང་ཕྱི་དངོས་པོའི་ཡར་རྒྱས་ལོ་དང་ཟླ་བར་གོང་འཕེལ་དུ་འགྲོ་བ་འདི་དང་གཅིག་པ་ཡིན། སེམས་ཀྱི་བློ་བཟང་པོའི་ཕྱོགས་སུ་གོམས་ན་སེམས་དེ་ཉིད་ལ་བརྟེན་པའི་ཡོན་ཏན་ཧ་ཅང་མང་པོ་འཐོབ་རྒྱུ་ཡོད། སྤྱོད་འཇུག་ལས། །གོམས་ན་སླ་བར་མི་འགྱུར་བའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་བཟང་ངན་གང་གི་ཕྱོགས་སུ་གོམས་ཀྱང་བློ་ནི་དེ་ཉིད་ཀྱི་རྗེས་སུ་འབྲང་གི་ཡོད། བཟང་པོའི་ཕྱོགས་སུ་དམ་པའི་ཆོས་ལམ་དུ་ས་དང་པོ་ནས་ས་བཅུའི་བར་སེམས་སྟེང་གི་དྲི་མ་རྣམས་མ་ཟད་ཀྱི་བར་དུ་གོང་འཕེལ་དུ་འགྲོ་རྒྱུ་ཡོད། གོང་དུ་བཤད་མ་ཐག་པ་ལྟར་ཉོན་མོངས་སྤང་ཐུབ་པ་རྒྱུ་མཚན་གསུམ་གྱི་སྒོ་ནས་ལེགས་པར་བསམས་པ་ཡིན་ན། བྱམས་པ་དང་སྙིང་རྗེ་སོགས་དགེ་བ་གཞན་རྣམས་ལ་བརྟེན་ནས་ཉོན་མོངས་ཀྱི་དྲི་མ་རྣམས་སུན་འབྱིན་ཐུབ་པ་དང་། མཐར་ཐུག་བདག་མེད་རྟོགས་པའི་ལྟ་བ་རྒྱུད་ལ་སྐྱེས་ནས་ཉོན་མོངས་རྣམས་རྩད་ནས་གཅོད་ཐུབ་པ་ཡིན། རྒྱུ་མཚན་དེ་ལ་བརྟེན་ནས་རང་རྒྱུད་ཀྱི་ཉོན་མོངས་འདི་བློ་བུར་བ་ཞིག་ཡིན་པ་དང་། དེ་སྤང་རྒྱུ་ཡོད་པ་ལུང་དང་། རིགས་པ། རྒྱུ་མཚན་གང་ནས་དཔྱད་ཀྱང་ཤིན་ཏུ་ནས་གསལ་པོ་ཡིན། ཉོན་མོངས་གཏན་ནས་སྤང་ཐུབ་ན་འགོག་བདེན་འཐོབ་པ་ཆོས་ཉིད་ཡིན། བཞི་པ་ལམ་བདེན་གང་ཡིན་ཞེ་ན། འཐོབ་བྱ་འགོག་བདེན་དེ་ཉིད་འཐོབ་པར་བྱ་བའི་ཐབས་སུ་གྱུར་པའི་འཕགས་པའི་ལམ་ཞིག་ལ་ཟེར། དཔེར་ན། བདག་མེད་པའམ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ལྟ་བུ་དེ་ཡིན། དེ་ཧ་གོ་བ་ལ་དང་པོ་རང་རྒྱུད་ཀྱི་སེམས་ཀྱི་སྐོར་ཤེས་དགོས། སྤྱིར་སེམས་ཞེས་པ་དེ་གསལ་རིག་ཙམ་ཞིག་ལ་ཟེར། ཡང་དག་པའི་སེམས་དང་ལོག་པའི་ཤེས་པ་གཉིས་ཡོད། སེམས་སམ་བློ་ཡང་དག་པ་ནི། ཡུལ་ལ་ཇི་ལྟར་བཟུང་བ་ལྟར་དོན་ལ་གནས་པ་ཞིག་ཡིན། དེ་ལ་ཡང་དག་པ་ཟེར། དཔེར་ན་ཤོག་བུ་དཀར་པོ་ཡིན་པ་ལ་མ་ནོར་བར་དཀར་པོར་འཛིན་པའི་བློ་ལྟ་བུ་ཡིན། ལོག་པའི་བློ་ནི། བློས་ཇི་ལྟར་རང་ཡུལ་དོན་ལ་མི་གནས་པར་འཛིན་པ་དཔེར་ན། མཁྲིས་ནད་ཀྱིས་མིག་སླད་པའི་མི་ཡིས་ཤོག་བུ་དཀར་པོ་ཉིད་ཇི་ལྟར་བཟུང་བ་ལྟར་དོན་ལ་མི་གནས་པར་དཀར་པོ་ཉིད་སེར་པོར་སྣང་བའི་འཛིན་པ་ལྟར་ཡིན། གང་ལྟར་སེམས་ལ་ཡང་དག་དང་ཡང་དག་མིན་པའི་རིགས་གཉིས་ཡོད། སེམས་ཡང་དག་པའི་བློ་དེ་ཉིད་ཀྱིས་ཤེས་བྱའི་ཆོས་དོན་ལ་གནས་པ་ལྟར་མ་ནོར་བར་འཇལ་ཐུབ་ཀྱི་ཡོད། དཔེར་ན། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་རྣམས་རྟོགས་བྱེད་ཀྱི་བློ་ལྟ་བུ་ཡིན། རྟག་པ་དང་། བདེ་བ། མི་སྟོང་པ། བདེན་གྲུབ་སོགས་སུ་འཛིན་པ་ནི་འཛིན་སྟངས་ཕྱིན་ཅི་ལོག་པའི་བློ་ཡིན། ཡུལ་གྱི་གནས་ལུགས་ངོ་མ་འཇལ་ཐུབ་མཁན་གྱི་ཡུལ་ཅན་བློ་དེས་ཡུལ་གྱི་གནས་ཚུལ་གང་ཡིན་པ་མ་འདྲེས་པ་གསལ་བོར་མཐོང་བའམ་ཤེས་ཐུབ། འཁོར་བའི་རང་བཞིན་ཇི་ལྟ་བ་བཞིན་ཤེས་ན་དེ་ལས་ཐར་འདོད་ཀྱི་བློ་ངེས་འབྱུང་རྣལ་མ་ཞིག་རྒྱུད་ལ་སྐྱེ། ངེས་འབྱུང་ཡང་དག་པ་རྒྱུད་ལ་སྐྱེས་ན། ཡང་དག་པ་དམ་པའི་ཆོས་ཀྱི་ལམ་དུ་ཞུགས་ནས་ལམ་ལྔ་ལས་ཚོགས་ལམ་ཐོབ་པ་ཡིན། དེ་ནས་རིམ་གྱིས་ཉམས་ལེན་གོང་འཕེལ་དུ་བཏང་སྟེ་སྦྱོར་ལམ། མཐོང་ལམ། སྒོམ་ལམ། མཐར་མི་སློབ་པའི་ལམ་བཅས་འཐོབ། དེ་ལྟའི་ལམ་ལྔ་ལས་ཚོགས་སྦྱོར་གཉིས་འཇིག་རྟེན་པའི་ལམ་དང་། མཐོང་ལམ་དང་། སྒོམ་ལམ། མི་སློབ་པའི་ལམ་གསུམ་པོ་ནི་འཇིག་རྟེན་ལས་འདས་པའི་འཕགས་ལམ་ཞེས་བྱ། ལམ་ལྔའི་ནང་ནས་བསླབ་པ་གསུམ་ཀྱང་མཉམ་དུ་འགྲོ་དགོས། དེ་ནི་བསླབ་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་། བསླབ་པ་ཏིང་ངེ་འཛིན་གྱི་བསླབ་པ། བསླབ་པ་ཤེས་རབ་ཀྱི་བསླབ་པ་གསུམ་ཡིན། གང་ལྟར་ཡང་བསླབ་གསུམ་དང་ལམ་ལྔ་རྣམས་སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་འབྱུང་བ་ལྟར་དུ་ཚོགས་ལམ་ལ་བརྟེན་ནས་སྦྱོར་ལམ། སྦྱོར་ལམ་ལ་བརྟེན་ནས་མཐོང་ལམ། མཐོང་ལམ་ནས་ཆོས་ཉིད་ཀྱི་བདེན་པ་ཇི་ལྟ་བ་བཞིན་མཐོང་ནས་དེ་ཉིད་སྒོམ་ལམ་རིམ་གྱིས་ཡར་ལྡན་དུ་སྒོམ་ཞིང་རང་རྒྱུད་ཀྱི་སྤང་བྱ་ཉོན་མོངས་པ་རྣམས་སྤངས་ཤིང་། རྟོགས་བྱ་རྣམས་རིམ་གྱིས་རྟོགས་ནས་མཐར་མི་སློབ་པའི་ལམ་མྱང་འདས་ཆེན་པོ་སངས་རྒྱས་ཀྱི་གོ་འཕང་འཐོབ་ཀྱི་ཡོད། མདོར་ན། ཐོག་མར་བདེན་པ་བཞི་ཤེས་དགོས། བདེན་བཞིའི་ནང་ནས་ཆོས་དཀོན་མཆོག་དེ་ཉིད་འགོག་བདེན་དང་། ལམ་བདེན་གཉིས་ཡིན་པ་ཇི་ལྟ་བར་ཤེས། དེ་ལ་བརྟེན་ནས་འགོག་ལམ་གཉིས་རྒྱུད་ལ་ལྡན་པའི་འཕགས་པའི་དགྲ་བཅོམ་པ་དགེ་འདུན་དཀོན་མཆོག་ཡོད་པར་ཤེས། དེ་ནས་དགེ་འདུན་དཀོན་མཆོག་ཉིད་ཀྱང་ལམ་གོམས་པ་མཐར་ཕྱིན་ནས། འགོག་བདེན་མཐར་ཐུག་མི་གནས་པའི་མྱང་འདས་ལམ་ལྔའི་ཐ་མ་མི་སློབ་པའི་ལམ་མངོན་དུ་གྱུར་ནས་དགེ་འདུན་དཀོན་མཆོག་དེ་ཉིད་སངས་རྒྱས་དཀོན་མཆོག་ཏུ་འགྱུར་པ་ཤེས། དེ་ལྟར་དཀོན་མཆོག་གསུམ་འབྱུང་བར་ཤེས་པ་ན་སྐྱབས་ཡུལ་དཀོན་མཆོག་གསུམ་དེ་བདེན་བཞི་དང་ལམ་ལྔའི་ཉམས་ལེན་ཁོ་ན་ལ་བསྟེན་ནས་འབད་བརྩོན་བྱས་ན་ཐར་པའི་གོ་འཕང་འཐོབ་རྒྱུ་ཡོད་པར་ངེས་ཤེས་འདྲོངས། སྐབས་དེ་དུས་དཀོན་མཆོག་གསུམ་ཟེར་དུས་རྨོངས་དད་ཀྱིས་བསླད་པ་ཙམ་མ་ཡིན་པར་རྒྱུ་མཚན་ཤེས་སོང་བ་ཡིན་ཙང་ལམ་བདེན་དང་མཆོག་གསུམ་ལ་མི་འཕྲོག་པའི་དད་པ་སྐྱེ། དཀོན་མཆོག་གསུམ་ཟེར་དུས་ཧ་ཅང་རྩ་ཆེན་པོ་ཞིག་དང་དེ་ལ་སེམས་ཐག་ཉེ་བོ་ཡོང་གི་ཡོད། དེ་ལྟར་བྱུང་ན་མཆོག་གསུམ་ལ་རྒྱུ་མཚན་ཤེས་པའི་སྒོ་ནས་དད་པ་ཐོབ་པ་ཡིན། རྒྱུ་མཚན་དང་ལྡན་པའི་སྒོ་ནས་དད་པ་ནི་བསླུ་མེད་ཀྱི་དད་པ་དང་མི་ལྡོག་པའི་དད་པ་ཡིན་པས་རྨོངས་དད་ཀྱིས་མ་བསླད་པར་ཤེས་ནས་དད་པ་རྙེད་རྒྱུ་ནི་ཧ་ཅང་གལ་ཆེའོ།།

གཉིས་པ་རྟེན་འབྲེལ་བཅུ་གཉིས་བཤད་པ་ལ་བདུན།
དང་པོ་རྟེན་འབྲེལ་ཤེས་པའི་ཕན་ཡོན་དང་མ་ཤེས་པའི་ཉེས་དམིགས། སྟོན་པས་རྟེན་འབྲེལ་གསུངས་ཚུལ། རྟེན་འབྲེལ་གྱི་སྒྲ་དོན། གྲངས་ངེས། སོ་སོའི་ངོ་བོ། རྟེན་འབྲེལ་བཅུ་གཉིས་བསྡུ་ཚུལ། རྟེན་འབྲེལ་མཚོན་བྱེད་ཀྱི་སྲིད་པ་འཁོར་ལོ་བཅས་བདུན་ནོ།།

དང་པོ་ནི། མདོ་ལས།དགེ་སློང་དག་སུས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ་།། སུས་ཆོས་མཐོང་བ་དེས་དེ་བཞིན་གཤེགས་པ་མཐོང་ངོ་།། ཞེས་གསུངས་པ་ལྟར་རོ། ། རྗེ་ཙོང་ཁ་པས་མཛད་པའི་རྟེན་འབྲེལ་བསྟོད་པ་ལས། །ཁྱེད་ཀྱི་སྨྲ་བ་ཟླ་མེད་པར། །མཐོང་བའི་རྒྱུ་མཚན་རྟེན་འབྱུང་གི །ལམ་འདི་ཉིད་ཀྱིས་གསུང་གཞན་ཡང་། །ཚད་མར་གྱུར་བར་ངེས་པ་སྐྱེ། །དོན་བཞིན་གཟིགས་ནས་ལེགས་གསུངས་པ། །ཁྱེད་ཀྱི་རྗེས་སུ་སློབ་པ་ལ། །རྒུད་པ་ཐམས་ཅད་རིང་དུ་གྱུར། །ཉེས་ཀུན་རྩ་བ་ལྡོག་ཕྱིར་རོ། །ཞེས་གསུངས་པ་ལྟར་ང་ཚོ་འཁོར་བར་འཁྱམས་པའི་རྒྱུ་ཡི་གཙོ་བོ་ནི་མ་རིག་པའི་དབང་གིས་བྱུང་བ་ཡིན། མ་རིག་པ་ནི་ཉོན་མོངས་ཀུན་གྱི་རྩ་བ་ཡིན་པས་དེ་སྤངས་ན་ཉོན་མོངས་ཡོངས་རྫོགས་སྤངས་ཟིན་པ་ཡིན། དཔེར་ན། ལྗོན་ཤིང་གི་སྡོང་པོ་རྩད་ནས་བཅད་ན་ཡག་ག་དང་ལོ་མ་རྣམས་རང་བཞིན་གྱིས་བཅད་ཟིན་པ་ལྟར་ཡིན།རྒྱུ་མཚན་དེ་ལ་བརྟེན་ནས་ཉན་ཐོས་སྡེ་བའི་གཞུང་ལས་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་ལྡོག་གི་སྒོམ་འདི་ཧ་ཅང་དར་སྲོལ་ཆེ། ད་ལྟ་ཡིན་ནང་ཐའེ་ལན་དང་འབར་མ་སོགས་ཉན་ཐོས་སྡེ་བའི་དགོན་པ་རྣམས་ལས་རྟེན་འབྲེལ་བཅུ་གཉིས་འདི་སློབ་སྦྱོང་གི་སྡེ་ཚན་ཙམ་མ་ཡིན་པར་ཉམས་ལེན་གྱི་སྙིང་པོར་བཟུང་ནས་སྒོམ་རྒྱག་གི་ཡོད། དེ་ནི་ཧ་ཅང་གལ་ཆེན་པོ་རེད།ཕྱི་ནང་གི་ཆོས་ཡོངས་སུ་རྫོགས་པ་རང་བཞིན་གྱིས་ངོ་བོས་མ་གྲུབ་པར་རྒྱུ་འབྲས་རྟེན་འབྱུང་དང་། ཆ་ཤས་ཀྱི་རྟེན་འབྱུང་དང་། མིང་བརྡས་བཏགས་པའི་རྟེན་འབྱུང་གསུམ་གྱིས་གནས་ཡོད། ལས་དང་པོ་པའི་ངོ་སྐལ་ལ་རྒྱུ་འབྲས་རྟེན་འབྱུང་འདི་འཐད་ཆེ་བས་ལེགས་པར་བསམ་བློ་བཏང་ན་ཕྱི་ནང་གི་ཆོས་ཡོངས་རྫོགས་རྒྱུ་དང་འབྲས་བུའི་ཚུལ་དུ་མ་བྱུང་བ་ཞིག་གཏན་ནས་མེད། དེ་ནས་རིམ་བཞིན་ཆ་ཤས་རྟེན་འབྱུང་། དཔེར་ན། ཁང་པ་ཞེས་པའི་ཐ་སྙད་བློ་ལ་སྐྱེ་བའི་སྐབས་སུ་ངས་མཐོང་བཞིན་པའི་ཁང་པ་འདི་རེད་བསམ་པ་ཙམ་ལས་ང་ཚོས་ཞིབ་ཏུ་བསམ་བློ་གཏང་གི་མེད། ཞིབ་ཏུ་དཔྱད་ན་ཁང་པ་འདི་ལ་ས་དང་རྡོ་དང་ལྕགས་སོགས་མང་པོ་ཞིག་ཚོགས་པས་མི་ཡིས་བཟོས་པ་ཞིག་ལ་མིང་གི་བརྡས་བཏགས་པ་ལྟར་ཡིན། དེ་ཆ་ཤས་ཀྱི་རྟེན་འབྱུང་ཡིན། རིགས་པ་དེ་ཤེས་བྱའི་ཆོས་གཞན་ལའང་སྦྱར་ཆོག།དེ་ལ་བློ་གོམས་པར་བྱས་ན་མིང་བརྡས་བཏགས་པའི་རྟེན་འབྱུང་འདི་ལ་ངེས་ཤེས་རྙེད་ཐུབ། དང་པོ་ཤེས་བྱའི་ཆོས་རྣམས་རྒྱུ་འདི་ལ་བརྟེན་ནས་འབྲས་བུ་འདི་འབྱུང་། དཔེར་ན། ནས་ཀྱི་ས་བོན་ལས་འབྲས་བུ་ནས་འབྱུང་བ་ལས་སྲན་མ་མི་འབྱུང་བ་ལྟར་ཡིན། འདི་ནི་རྒྱུ་འབྲས་ཀྱི་རྟེན་འབྱུང་ཡིན། གཉིས་པ་ཤེས་བྱའི་ཆོས་ཡོངས་སུ་རྫོགས་པ་ཆ་ཤས་དུ་མ་རྣམས་ལ་བརྟེན་ནས་བྱུང་བ་ལྟར་ཡིན། དཔེར་ན། ཁང་པ་ལྟར་ས་རྡོ་ལྕགས་རིགས་སོགས་མང་པོ་གཅིག་ཏུ་བསྒྲིགས་ནས་དབྱིབས་མ་འདྲ་བ་ཞིག་ལ་ཁང་པའི་མིང་བཏགས་པ་ལྟར་རེད། གསུམ་པ་གོང་གི་རྒྱུ་འབྲས་ཀྱི་རྟེན་འབྱུང་དང་། ཆ་ཤས་ཀྱི་རྟེན་འབྱུང་དེ་གཉིས་དོན་ངོ་མར་རང་བཞིན་གྱིས་མ་གྲུབ་པར་མིང་བརྡས་བཏགས་པའི་རྟེན་འབྱུང་འདི་ལ་ངེས་པ་རྙེད་ནས་ཤེས་བྱའི་ཆོས་རྣམས་དོན་རང་ངོས་ནས་མ་གྲུབ་པར་མིང་ཙམ་བརྡ་ཙམ་ཡིན་པ་ངོ་འཕྲོད་ཡོང་བའོ།། གང་ལྟར་ཀྱང་རྒྱུ་འབྲས་ལས་བྱུང་བའི་ཆོས་ཤིག་ཡིན་ན་དེ་ཉིད་རྒྱུ་རྐྱེན་རྟེན་འབྲེལ་གྱིས་བྱུང་བ་ཡིན། གང་རྟེན་འབྲེལ་གྱིས་བྱུང་བ་ཡིན་ན་དེ་སྟོང་པ་ཉིད་དུ་རུང་བ་ཡིན་ནོ།། དབུ་མ་རྩ་བ་ཤེས་རབ་ལས། །རྟེན་ནས་འབྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་རྟེན་ནས་བཏགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་སོ། རྟེན་འབྲེལ་དང་སྟོང་ཉིད་ཀྱི་དོན་ལེགས་པར་ཤེས་ན་རྒྱལ་བའི་ཆོས་ཚུལ་ཡོངས་རྫོགས་ཤེས་པ་ཡིན། ཆོས་གཞན་རྣམས་ནི་རྟེན་འབྲེལ་དང་སྟོང་ཉིད་ཀྱི་ཡན་ལག་ཙམ་ཡིན་ནོ།། རྗེ་ཙོང་ཁ་པ་ཆེན་པོས་ཀྱང་སངས་རྒྱས་ལ་བསྟོད་པ་ཕུལ་བའི་སྐབས་སུ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་བྱེ་བྲག་པ་ཞིག་ལ་མ་བསྟོད་ནས་སྟོན་པ་གཞན་གྱིས་མ་གསུངས་པའི་རྟེན་འབྲེལ་འདི་གསུངས་པ་ལ་རྒྱུ་མཚན་དུ་བྱས་ཏེ་སངས་རྒྱས་ཀྱི་གསུང་གི་སྙིང་པོར་གྱུར་པ་རྟེན་འབྲེལ་ལ་བསྟོད་པ་གནང་ཡོད། དེ་ལ་དགོས་པ་ཧ་ཅང་ཆེན་པོ་ཡོད་དོ།།
གཉིས་པ་སྟོན་པས་རྟེན་འབྲེལ་གསུངས་ཚུལ་ནི།
མདོ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཡིན་ཞེ་ན། འདི་ཡོད་པས་འདི་འབྱུང་ལ། འདི་སྐྱེས་པས་འདི་སྐྱེ་བ་སྟེ། འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ།སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་མྱ་ངན་དང། སྨྲེ་ངག་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། འདི་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་འབྱུང་བར་འགྱུར་རོ།། རྟེན་འབྲེལ་བཅུ་གཉིས་འགག་ཚུལ་ནི། མ་རིག་པ་འགགས་པས་འདུ་བྱེད་འགག། འདུ་བྱེད་འགགས་པས་རྣམ་ཤེས་འགག། རྣམ་ཤེས་འགགས་པས་མིང་གཟུགས་འགག། མིང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག། སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག། རེག་པ་འགགས་པས་ཚོར་བ་འགག། ཚོར་བ་འགགས་པས་སྲེད་པ་འགག། སྲེད་པ་འགགས་པས་ལེན་པ་འགག།ལེན་པ་འགགས་པས་སྲིད་པ་འགག། སྲིད་པ་འགགས་པས་སྐྱེ་བ་འགག། སྐྱེ་བ་འགགས་པས་རྒ་ཤི་དང་མྱ་ངན་དང་སྨྲེ་ངག་འདོན་པ་དང་། སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་པར་འགྱུར་ཏེ། མཐར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་ད་ལྟ་དངོས་སུ་མྱོང་བཞིན་པ་འདི་ཉིད་ཀྱང་འགག་པར་འགྱུར་རོ།།
གསུམ་པ་རྟེན་འབྲེལ་གྱི་སྒྲ་དོན་ནི།
ལེགས་སྦྱར་སྐད་དུ། པྲ་ཏི་ཏཱ་ཞེས་པ་ནི་རྟེན། ལྟོས། འཕྲད་པ་གསུམ་ལ་འཇུག་པའི་དབང་དུ་བྱས་ནས་ཆོས་ཀུན་རྟེན་འབྱུང་དུ་གསུངས་པ་དང་། ཡང་པྲ་ཏི་ཏཱ་ས་མུད་པ་ཏ་ཞེས་རྒྱུ་ལ་བརྟེན་ནས་འབྲས་བུ་འབྱུང་བ་ལ་འཇུག་པའི་དབང་དུ་བྱས་ནས་འདུས་བྱས་ཀུན་རྟེན་འབྱུང་དུ་གསུངས་པ་དང་། འདི་ནི་བྱེ་མདོ་གཉིས་ཀྱི་དགོངས་ཚུལ་ལྟར་ཡིན། དབུ་སེམས་གཉིས་ཀྱི་འགྲེལ་ཚུལ་མི་འདྲ་བ་ཡོད་པས་འདིར་རྒྱས་བཤད་མ་དགོས་པར་གནས་སྐབས་དེ་ཙམ་གྱིས་འཐུས་སོ།།
བཞི་པ་རྟེན་འབྲེལ་གྱི་གྲངས་ངེས་ནི།
ས་སྐྱའི་མཁས་དབང་ཀུན་མཁྱེན་གོ་རམས་པས། སྐད་ཅིག་མའི་རྟེན་འབྲེལ་དང་། འབྲེལ་བ་ཅན་གྱི་རྟེན་འབྲེལ། གནས་སྐབས་ཀྱི་རྟེན་འབྲེལ། རྒྱུན་ཆགས་པའི་རྟེན་འབྲེལ་སོགས་མང་པོ་ཞིག་གསུངས་ཡོད་པས་རེ་རེ་བཞིན་འགྲེལ་བཤད་བྱས་ན་ཡིག་ཚོགས་མང་དུ་དོགས་པས་གནས་སྐབས་བཞག་གོ། མདོར་ན་རྟེན་འབྲེལ་བཅུ་གཉིས་ལ་གོང་དུ་མདོ་ལས་བཤད་པ་ལྟར། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྟེན་འབྲེལ་དང་། རྣམ་བྱང་ཕྱོགས་ཀྱི་རྟེན་འབྲེལ་གཉིས་ཡོད། དང་པོ་ཉོན་མོངས་ཀྱི་རྟེན་འབྲེལ་ལ་ཕྱི་ཡི་རྟེན་འབྲེལ་དང་། ནང་གི་རྟེན་འབྲེལ་གཉིས་ཡོད། དེ་ལ་དང་པོ་ཕྱི་ཡི་རྟེན་འབྲེལ་ནི་མིག་གི་དབང་པོས་གཟུགས་ཡོངས་སུ་འཛིན་ཅིང་། རྣ་བའི་དབང་པོས་སྒྲ་འཛིན་པ་དང་དེ་བཞིན་དུ་སྣ་དང་ལྕེ་དང་ལུས་སོགས་དབང་པོ་སྒོ་ལྔས་ཡུལ་ལ་མ་འདྲེས་པར་ཇི་ལྟར་བཟུང་བ་ལྟར་དུ་སྣང་བ་འདི་ཕྱི་ཡི་རྟེན་འབྲེལ་ཡིན། ནང་གི་རྟེན་འབྲེལ་ནི། གོང་དུ་བཤད་མ་ཐག་པ་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་འབྱུང་བ་ནས་སྐྱེ་བའི་རྐྱེན་གྱིས་རྒ་ཤི་འབྱུང་བའི་བར་ཡིན། དེ་དང་མ་ཟད་སེམས་ཅན་རྣམས་ཟས་ལ་བརྟེན་ནས་སྲོག་འཚོ་བ་དང་། ལེགས་སྤྱད་ལ་བརྟེན་ནས་བདེ་འགྲོ་དང་། ཉེས་སྤྱད་ལ་བརྟེན་ནས་ངན་འགྲོ་སོགས་བདེ་སྡུག་བཟང་ངན་སྣ་ཚོགས་རྒྱུ་དང་རྐྱེན་ལ་བརྟེན་ནས་འབྱུང་བ་བཅས་མང་པོ་ཡོད།གཉིས་པ་རྣམ་བྱང་སོགས་ཀྱི་རྟེན་འབྲེལ་ལ། དཔེར་ན། ཚོགས་ལམ་ལ་བརྟེན་ནས་སྦྱོར་ལམ། སྦྱོར་ལམ་ལ་བརྟེན་ནས་མཐོང་ལམ། མཐོང་ལམ་ལ་བརྟེན་ནས་སྒོམ་ལམ། སྒོམ་ལམ་ལ་བརྟེན་ནས་མི་སློབ་པའི་ལམ་བཅས་སྔགས་ཀྱི་ལམ་ལྔ་ལྟ་བུ་དང་། ས་དང་པོ་རབ་ཏུ་དགའ་བ་ལ་བརྟེན་ནས་ས་གཉིས་པ་དྲི་མ་མེད་པ་རིམ་བཞིན་མདོ་ཡི་སྐབས་སུ་བཤད་པའི་ས་བཅུ་ཡོངས་རྫོགས་རྣམས་རྣལ་འབྱོར་པའི་ཉམས་ལེན་ཡོངས་རྫོགས་ལམ་གོང་མ་རྣམས་རིམ་པ་བཞིན་དུ་འོག་མ་ལ་བརྟེན་ནས་ཡོང་དགོས་པ་ལྟར་ཡིན་ནོ།།
ལྔ་པ་རྟེན་འབྲེལ་བཅུ་གཉིས་ཀྱི་སོ་སོའི་ངོ་བོ་བཤད་པ་ལ།
ཐོག་མའི་མ་རིག་པ་ནི། ཀླུ་སྒྲུབ་ཀྱིས། མ་རིག་པ་ནི། རིག་པའི་ཡེ་ཤེས་ཀྱི་མི་མཐུན་ཕྱོགས་སམ་དེའི་འགལ་ཟླར་གྱུར་པ་གནས་ལུགས་ལ་རྨོངས་པ་འཁོར་བའི་རྩ་བར་གྱུར་པའི་བདག་འཛིན་དེ་མ་རིག་པ་ཡིན་པར་གསུངས། གཉིས་པ་འདུ་བྱེད་ནི། མ་རིག་པ་དེས་བསགས་པའི་རིགས་དྲུག་གང་རུང་དུ་སྐྱེ་བ་འཕེན་བྱེད་ཀྱི་ལས་གསོག་མཁན། གསུམ་པ་རྣམ་ཤེས་ནི། མ་རིག་པ་དེས་བསགས་པའི་ལས་གང་དུ་བསྒོས་པའི་རྒྱུ་དུས་ཀྱི་རྣམ་ཤེས་དེ་ཡིན་ནོ། བཞི་པ་མིང་གཟུགས་ནི། མིང་ནི་གོང་གི་ལས་དེས་འཕངས་པའི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམ་པར་ཤེས་པ་སྟེ་གཟུགས་ཅན་མིན་པའི་ཕུང་པོ་བཞི་དང་། གཟུགས་ནི་ནུར་ནུར་བོ་དང་། མེར་མེར་བོ། ནར་ནར་བོ་དང་། གོར་གོར་བོ་དང་། མཐར་རྐང་ལག་གི་དབྱིབས་དོད་པ་སོགས་མ་ཡི་མངལ་གྱི་གནས་སྐབས་ཀྱི་གཟུགས་ཀྱི་ངོ་བོ་ཙམ་གྲུབ་པའི་སྐབས་སོ།། ལྔ་པ་སྐྱེ་མཆེད་ནི། གོང་གི་མིང་གཟུགས་རྣམས་འཕེལ་བའི་གནས་སྐབས་ཀྱི་ཁ་སྣ་སོགས་དབང་པོའི་སྐྱེ་མཆེད་རྣམས་གྲུབ་སྟེ་ལུས་ཀྱི་ཁྱད་པར་གྲུབ་པའོ།། དྲུག་པ་རེག་པ་ནི། ཡུལ་དབང་རྣམ་ཤེས་གསུམ་འདུས་ནས་ཡུལ་ཡིད་དུ་འོང་མི་འོང་བར་མ་གསུམ་ཡོངས་སུ་ཤེས་ཤིང་ལོངས་སྤྱོད་པའོ།། བདུན་པ་ཚོར་བ་ནི།རེག་པ་དེ་ལ་བརྟེན་ནས་སྐྱེས་པའི་བདེ་སྡུག་བཏང་སྙོམས་ཅི་རིགས་སྐྱེས་པའི་ཚོར་བ་དེ་ཡིན་ནོ།།བརྒྱད་པ་སྲེད་པ་ནི། ཚོར་བ་དེ་ལ་བརྟེན་ནས་བདེ་བ་དེ་ཉིད་མི་འབྲལ་བར་འདོད་པ་དང་སྡུག་བསྔལ་ལས་བྲལ་བར་འདོད་པ་ཡང་སྲིད་ལ་དགའ་བའི་རྣམ་པ་ཅན་ནོ།། དགུ་པ་ལེན་པ་ནི། གོང་གི་སྲེད་པ་དེ་ཉིད་ཤས་ཆེར་འཕེལ་བའི་འདོད་ཆགས་དེ་ཡིན་ལ། དེ་ལ་འདོད་པ་ཉེར་ལེན། ལྟ་བ་ཉེར་ལེན། ཚུལ་ཁྲིམས་དང་རྟུལ་ཞུགས་མཆོག་འཛིན་ཉེར་ལེན། བདག་ཏུ་ལྟ་བ་ཉེར་ལེན་བཅས་ཡོད་དོ།། བཅུ་པ་སྲིད་པ་ནི།གཉིས་པ་འདུ་བྱེད་ཀྱི་ལས་དེ་ཉིད་ལ། བརྒྱད་པ་སྲེད་པ་དང་། དགུ་པ་ལེན་པ་གཉིས་ཀྱིས་གསོས་བཏབ་ནས་ནུས་པ་མཐུ་ཅན་དུ་གྱུར་པའི་ལས་ཀྱི་ནུས་པ་དེ་ཡིན་ལ་འདི་ནི་རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པ་ཡིན་ནོ།། བཅུ་གཅིག་པ་སྐྱེ་བ་ནི་སྐྱེ་གནས་སུ་ལས་དེས་ཚེ་ཕྱི་མར་ཉིང་མཚམས་སྦྱོར་བའི་དང་པོའི་རྣམ་ཤེས་དེ་ཡིན་ནོ།། བཅུ་གཉིས་པ་རྒ་ཤི་ནི། རྒ་བ་ནི་སྐྱེས་ནས་བཟུང་ན་ཚོད་གཞན་དུ་འགྱུར་བ་དེ་ཡིན་ལ། ཤི་བ་ནི་ཕུང་པོའི་རིགས་མཐུན་དོར་ནས་རྣམ་ཤེས་ལུས་དང་ཁ་བྲལ་དུ་གྱུར་བའོ། འདིར་རྒ་བ་དང་ཤི་བ་གཉིས་གཅིག་ཏུ་བགྲང་བ་ཡིན་ནོ།།
དྲུག་པ་རྟེན་འབྲེལ་བཅུ་གཉིས་བསྡུ་ཚུལ་ལ་གསུམ་ལས།
དང་པོ་བཞིར་བསྡུ་བ་ནི།
དང་པོ་བཞིར་བསྡུ་བ་ནི།
མ་རིག་པ། འདུ་བྱེད། རྣམ་ཤེས་གསུམ་འཕེན་བྱེད་ཀྱི་ཡན་ལག།མིང་གཟུགས། སྐྱེ་མཆེད། རེག་པ། ཚོར་བ་བཞི་འཕངས་པའི་ཡན་ལག།སྲེད་པ། ལེན་པ། སྲིད་པ་གསུམ་འགྲུབ་བྱེད་ཀྱི་ཡན་ལག།སྐྱེ་བ། རྒ་ཤི་གཉིས་གྲུབ་པའི་ཡན་ལག་ཏུ་བསྡུ་བ་སྟེ་རྟེན་འབྲེལ་བཅུ་གཉིས་སྡེ་ཚན་བཞི་རུ་བསྡུ་བའོ།།
གཉིས་པ་གསུམ་དུ་བསྡུ་བ་ནི།
མ་རིག་པ། སྲེད་པ། ལེན་པ་གསུམ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ།འདུ་བྱེད། སྲིད་པ་གཉིས་ལས་ཀྱི་ཀུན་ནས་ཉོན་མོངས་པ། ལྷག་མ་བདུན་ནི་སྐྱེ་བའི་ཀུན་ནས་ཉོན་མོངས་པར་བསྡུ་བ་སྟེ་རྟེན་འབྲེལ་བཅུ་གཉིས་ཡན་ལག་གསུམ་དུ་བསྡུ་བའོ།།
གསུམ་པ་ཡན་ལག་གཉིས་སུ་བསྡུ་བ་ནི།
མ་རིག་པ། འདུ་བྱེད། སྲེད་པ། ལེན་པ། སྲིད་པ་ལྔ་ནི་ཀུན་འབྱུང་བདེན་པར་བསྡུ། ལྷག་མ་བདུན་སྡུག་བདེན་དུ་བསྡུ་བ་སྟེ་རྟེན་འབྲེལ་བཅུ་གཉིས་སྡེ་ཚན་གཉིས་སུ་བསྡུ་བའོ།།
བདུན་པ་རྟེན་འབྲེལ་བཅུ་གཉིས་མཚོན་བྱེད་སྲིད་པ་འཁོར་ལོའི་དོན་བཤད་པ་ནི།
སངས་རྒྱས་ཞལ་བཞུགས་དུས་སུ་ཡུལ་དབུས་ཀྱི་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ། མཐའ་འཁོབ་སྒྲ་སྒྲོག་གི་རྒྱལ་པོ་ཨུ་ཏྲ་ཡ་ནས་རིན་པོ་ཆེའི་ཁྲབ་རིན་ཐང་བྲལ་བ་ཞིག་སྐྱེས་སུ་བསྐུར་བའི་ལན་དུ་རྒྱལ་པོ་གཟུགས་ཅན་སྙིང་པོས་རང་གི་གྲོགས་པོ་སངས་རྒྱས་རྒྱལ་པོའི་གྲོགས་པོར་ སངས་རྒྱས་བཅོམ་ལྡན་འདས་ལ་ཐབས་ལམ་ཞུས་པས། སངས་རྒྱས་ཀྱིས་བདེན་བཞི་དང་རྟེན་འབྲེལ་བཅུ་གཉིས་མཚོན་བྱེད་སྲིད་པ་འཁོར་ལོའི་དཔེ་རིས་ཞིག་རྒྱལ་པོ་ལ་གནང་བས་རྒྱལ་པོས་རང་གི་གྲོགས་པོ་རྒྱལ་པོ་ཨུ་ཏྲ་ཡ་ན་ལ་བསྐུར་ནས་རྒྱལ་པོ་ཨུ་ཏྲ་ཡ་ན་སོགས་བློན་པོ་དང་འབངས་མི་རྣམས་ཀྱིས་སྲིད་པ་འཁོར་ལོའི་རི་མོ་ཉིད་མཐོང་བ་ཙམ་གྱིས་བདེ་སྡུག་འཁོར་འདས་ཀྱི་རྒྱུ་འབྲས་ཇི་བཞིན་ཤེས་ཏེ་དགྲ་བཅོམ་པའི་འབྲས་བུ་ཐོབ་པའི་ལོ་རྒྱུས་དང་། རྗེས་ནས་སྟོན་པས་རང་གི་ཉེ་གནས་ཀུན་དགའ་བོ་ལ་བཀའ་སྩལ་ནས། དགེ་འདུན་པའི་འདུ་ཁང་གི་སྒོ་འགྲམ་དུ་རྟེན་འབྲེལ་བཅུ་གཉིས་མཚོན་པའི་དཔེའུ་རིས་འབྲིར་བཅུག་ནས་ད་བར་ནང་པའི་དགོན་པ་ཕལ་མོ་ཆེའི་ལྷ་ཁང་གི་སྒོ་འགྲམ་དུ་མཇལ་རྒྱུ་ཡོད་པ་འདིའོ།།
སྲིད་པ་འཁོར་ལོའི་མཚོན་དོན་ནི།
སྲིད་པ་འཁོར་ལོ་འདིས་འཁོར་འདས་གཉིས་ཀྱི་རྣམ་གཞག་མཚོན་ནོ།། རི་མོ་འདིས་དང་པོ་མ་རིག་པ་ནས་བཟུང་སྟེ་མཐར་ཤི་བའི་བར་རྟེན་འབྲེལ་བཅུ་གཉིས་ཀྱིས་འཁོར་བ་ལ་འཁོར་སྟངས་མཚོན། དེ་ལ་དང་པོ་སུ་འཁོར་བ། རྒྱུ་གང་གིས་འཁོར་བ། གནས་གང་དུ་འཁོར་བ། ཚུལ་ཇི་ལྟར་འཁོར་བ། ཡུན་རིང་ཐུང་ཇི་ཙམ་འཁོར་བ། དུས་ནམ་ཞིག་ནས་འཁོར་བ་བཅས་དྲུག་ལས།དང་པོ་སུ་འཁོར་བ་ནི། ལས་ཉོན་གྱི་གཞན་དབང་དུ་གྱུར་པའི་འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་ཡིན། གཉིས་པ་རྒྱུ་གང་གིས་འཁོར་བ་ནི། རྟེན་འབྲེལ་བཅུ་གཉིས་དང་པོ་མ་རིག་པས་རྒྱུ་བྱས་ནས་ཉོན་མོངས་དུག་གསུམགྱིས་རྐྱེན་བྱས་ནས་འཁོར་བ་ཡིན། གསུམ་པ་གནས་གང་དུ་འཁོར་ནི། འགྲོ་བ་རིགས་དྲུག་གི་གནས་སུ་འཁོར་རོ།། བཞི་པ་ཚུལ་ཇི་ལྟར་འཁོར་ན། རྟེན་འབྲེལ་བཅུ་གཉིས་ཐོག་མའི་མ་རིག་པའི་གཞན་དབང་དུ་སོང་ནས་དེ་ལས་རིམ་པ་བཞིན་དུ་འདུ་བྱེད་ཀྱི་ལས་བསགས། རྣམ་ཤེས་ཀྱི་རྟེན་གྲུབ། རིམ་གྱིས་ཤིང་རྟའི་འཕང་ལོ་འཁོར་བའམ་དཔེར་ན་བུམ་ནང་དུ་སྦྲང་མ་བཅུག་པ་ནང་བཞིན་འཁོར་བ་ཡིན། ལྔ་པ་ཡུན་རིང་ཐུང་ནི། ལས་ཉོན་མ་ཟད་བར་དུ་འཁོར་བ་ཡིན། དྲུག་པ་དུས་ནམ་ཞིག་ནས་འཁོར་ན། མ་རིག་པས་འཁོར་བར་འཕངས་ནས་བཟུང་སྟེ་འཁོར་བ་ཡིན། རི་མོ་འདི་ཉིད་ཀྱིས་རེ་རེ་བཞིན་རྟེན་འབྲེལ་བཅུ་གཉིས་དང་མཚོན་དཔེ་བྱས་ནས་འགྲེལ་བཤད་བྱེད་སྲོལ་ཡོད་ཀྱང་ད་རེས་ཡིག་ཚོགས་མང་དུ་དོགས་ནས་གནས་སྐབས་དེ་ཙམ་གྱིས་འཐུས་པར་བྱས་སོ།། མདོར་ན། བདེན་བཞི་དང་རྟེན་འབྲེལ་བཅུ་གཉིས་འདི་ནི་ནང་ཆོས་ཀྱི་སྙིང་པོ་ཡང་དག་པ་དེ་ཡིན་པས་ཐར་པ་དོན་གཉེར་གྱི་གང་ཟག་ཅིག་ཡིན་ནས་བཟུང་སྟེ་འདི་རྣམས་ལ་ཐོས་བསམ་སྒོམ་གསུམ་ཡང་དག་པ་ཞིག་བྱུང་ན་ནང་པ་མཚན་ཉིད་པ་རུ་འགྱུར་བའོ། བདེན་བཞི་དང་རྟེན་འབྲེལ་བཅུ་གཉིས། འཕགས་ལམ་ཡན་ལག་བརྒྱད། དྲན་པ་ཉེར་བཞག་བཞི་སོགས་ཉན་ཐོས་སྡེ་བའི་ལྟ་གྲུབ་འདི་རྣམས་ལ་ཉམས་ལེན་བྱས་ན་གཞན་ལ་བྱམས་སྙིང་རྗེ་དང་། རང་རྒྱུད་ལ་ངེས་འབྱུང་གི་བསམ་པ་རྣམ་པར་དག་པ་སྐྱེ་བའི་དགོས་པ་ཡོད་པས་ཅི་ནས་ཀྱང་ཉམས་ལེན་ལ་འབད་འཚལ་ལོ།།

ས་བཅད་གཉིས་པ་དེ་གཉིས་དང་འབྲེལ་བའི་སྐྱབས་འགྲོ་ལ་གཉིས། དང་པོ་སྐྱབས་འགྲོའི་སྐོར་མདོར་བསྡུས་ཙམ་བཤད་པ་དང་། ཇི་ལྟར་བྱས་ནས་ཐར་པ་འཐོབ་དགོས་པར་བསྟན་པའོ། དང་པོ་ནི།
སྐྱབས་འགྲོའི་རྒྱུ་ནི་འཇིགས་པ་དང་དད་པ་ཡིན་ཏེ། འཇིགས་སྐྲག་མེད་ན་དད་པ་མི་སྐྱེ། དད་པ་མེད་ན་སྐྱབས་སུ་མི་འགྲོ། སྐྱབས་སུ་མ་སོང་ན་འཁོར་བ་ནས་ཐར་མི་ཐུབ། འཁོར་བ་ལས་མ་ཐར་ན་བདེ་བ་མེད། བདེ་བ་མེད་ན་མི་ཡི་ལུས་རྟེན་བླངས་པའི་གོ་མ་ཆོད་པ་ཡིན། གང་ལྟར་གཅིག་མེད་ན་གཅིག་མི་འབྱུང་བ་ལྟར་དང་པོ་ནི་སྐྱབས་འགྲོའི་རྒྱུ་དད་པ་ཁོ་ན་ཡིན་ནོ།། མདོ་ལས། །དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་རྣམས་མི་འབྱུང་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་གསུངས་པ་ལྟར་དད་པ་ནི་ཧ་ཅང་གལ་ཆེའོ།། འགྲོ་བ་རིགས་དྲུག་གིས་བསྡུས་པའི་གནས་རིས་གང་དུ་སྐྱེས་ཀྱང་སྡུག་བསྔལ་གསུམ་གྱི་རང་བཞིན་ལས་བདེ་བ་ནམ་ཡང་མེད་པར་ཧ་གོ་ནས་གནས་སྐབས་ཚེ་འདིའི་སྡུག་བསྔལ་དང་སྐྱེ་བ་ཕྱི་མ་ངན་སོང་གི་སྡུག་བསྔལ་སོགས་ལ་བསམ་བློ་བཏང་ན་ལུས་ཚ་ཟིང་ངེ་ད་རེས་ངས་ལུས་རྟེན་འདིར་སྡུག་བསྔལ་འདི་རྣམས་ལས་བྲལ་བའི་ཐབས་ཤེས་བྱེད་དགོས་བསམ་པའི་བློ་འཁོར་ཞིང་སྡུག་བསྔལ་དེ་རྣམས་ལ་འཇིགས་སྐྲག་གི་བློ་སྐྱེ། བློ་སྐྱེས་པའི་སྐབས་སུ་སྡུག་བསྔལ་དེ་ལས་སྐྱོབ་མཁན་སུ་ཡོད་ན་བསམས་ནས་བརྟག་དཔྱད་བྱས་དུས་དེ་ནི་སངས་རྒྱས་གཅིག་པུ་ཡིན་པ་ཧ་གོ། སངས་རྒྱས་དེ་ལམ་ཇི་འདྲ་ལ་བརྟེན་ནས་སངས་རྒྱས་བསམས། ང་ཚོ་ནང་བཞིན་དང་པོ་འཁོར་བའི་ཚུལ་བཟུང་ཞིང་སྐྱེ་རྒ་ན་འཆི་སོགས་སྡུག་བསྔལ་རྣམས་དངོས་སུ་མྱོང་བ་མིག་གིས་མཐོང་ནས་དེ་ལ་འཇིགས་ཤིང་སྐྲག་ནས་ཚེ་འདིའི་ནང་མི་དང་རྒྱལ་སྲིད་སོགས་ཡོངས་རྫོགས་བློས་བཏང་བ་རེད། ལམ་དམ་པའི་ཆོས་སུ་ཞུགས་ནས་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་སངས་རྒྱས་པ་རེད། སངས་རྒྱས་དངོས་ནི་དོན་གཉིས་ཡོན་ཏན་བརྒྱད་ལྡན་ཅན་རང་དོན་དུ་ཆོས་སྐུའི་གོ་འཕང་བརྙེས། གཞན་དོན་དུ་གཟུགས་སྐུའི་འགྲོ་དོན་མཛད་ཐུབ་མཁན་སྤངས་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་པ་ཅན་ཞིག་ཡིན། ཆོས་ནི་སངས་རྒྱས་རང་གི་ཞལ་ནས་གསུངས་པའི་ཆོས་རྣམས་ཡིན་པ་རེད། དེ་ལའང་བརྗོད་བྱ་དང་རྗོད་བྱེད་གཉིས་ཀ་འདུས་པ་རྗོད་བྱེད་གསུང་རབ་ཀྱི་ཡེ་གེ་རྣམས་དང་། བརྗོད་བྱ་དེའི་དོན་མ་ལུས་པ་ཡོངས་སུ་རྫོགས་པ་མདོར་ན་འགོག་ལམ་གཉིས་ཀྱི་ཡོན་ཏན་ཡོངས་རྫོགས་ལ་གོ་དགོས་པ་རེད། དམ་པའི་ཆོས་དེ་ཉིད་ལ་རྩེ་གཅིག་ཏུ་མོས་པ་ཡོད་ནས་བརྩོན་འགྲུས་ཀྱིས་ཉམས་སུ་ལེན་མཁན་རྣམས་དགེ་འདུན་ཡིན་པ་རེད། དགེ་འདུན་དེ་ལའང་རྒྱུན་ཞུགས། ལན་གཅིག་ཕྱིར་འོང་བ། ལན་གཅིག་ཕྱིར་མི་འོང་བ། དགྲ་བཅོམ་པ། བྱང་ཆུབ་སེམས་དཔའ་སོགས་སྤངས་རྟོགས་ཀྱི་ཡོན་ཏན་གྱི་ཆ་ནས་རིགས་མ་འདྲ་བ་མང་པོ་ཡོད་རེད། གང་ལྟར་དམ་པའི་ཆོས་ཀྱི་ལམ་ལ་བསྟེན་ནས་དགེ་འདུན་གྱི་ཡོན་ཏན་གང་རུང་འཐོབ་རྒྱུ་ཡོད་པ་དང་དགེ་འདུན་དེ་ཉིད་ཀྱང་ནམ་ཞིག་རིམ་གྱིས་སངས་རྒྱས་སུ་འགྱུར་རྒྱུ་ཡོད་པ་བཅས་ཧ་གོ་དགོས་པ་རེད། ལམ་བདེན་ལ་བརྟེན་ནས་དེ་སྔ་ཡང་སངས་རྒྱས་མང་པོ་བྱུང་བ་དང་། མ་འོངས་པར་སངས་རྒྱས་འབྱུང་རུང་བ། ད་ལྟར་སངས་རྒྱས་ཤཱཀྱ་ཐུབ་པ་སོགས་བསྐལ་བཟང་གི་སངས་རྒྱས་སྟོང་རྩ་གཉིས་སོགས་དངོས་སུ་ཤེས་ཐུབ་པ་རེད། དེ་ལ་བརྟེན་ནས་སངས་རྒྱས་དེ་ཉིད་ཀྱང་ཕྱི་ལོགས་ཤིག་ནས་མ་ཡིན་པར་རང་རྒྱུད་ནས་ཡོང་ཐུབ་པ་ཧ་གོ་ནས་སྙིང་སྟོབས་བསྐྱེད་ནས་དམ་པའི་ཆོས་ལ་བརྩོན་དགོས་པ་རེད། མདོར་བསྡུས་ཁ་གསལ་དཔེ་དང་བཅས་ཏེ་བཤད་ན། སངས་རྒྱས་ནི་སྨན་པ་མཁས་པ་དང་བཟང་པོ་ལྟ་བུ་དང་། ཆོས་ནི་སྨན་ལྟ་བུ། དགེ་འདུན་ནི་ནད་གཡོག་ལྟ་བུ། རང་ཉིད་ནི་སྐྱབས་མེད་མགོན་མེད་ཀྱི་ནད་པ་ཟུངས་ཟད་ལྟ་བུ། སྤྱིར་བཏང་ནད་པར་སྨན་པ་ཡག་པོ་དགོས་རྒྱུ་གལ་ཆེ་ཡང་ནད་ལས་གྲོལ་དགོས་ན་བརྒྱ་ཆ་བརྒྱ་སྨན་པའི་ལག་ཏུ་མེད། ནད་པ་རང་ཉིད་ཀྱིས་ཀྱང་སྨན་པས་གང་གསུངས་པ་ལྟར་སྨན་རྣམས་དུས་ཐོག་ཏུ་བཟའ་བ་དང་། ཟས་དང་སྤྱོད་ལམ་སོགས་གཟབ་པ་བྱེད་དགོས། དེ་ལྟར་བྱས་ན་ནད་པའི་སྡུག་བསྔལ་ལས་གྲོལ་ཐུབ། དཔེ་དེ་ལྟར་སངས་རྒྱས་ཀྱི་ཞལ་ནས། །ངས་ནི་ཁྱོད་ལ་ཐར་པའི་ལམ་བསྟན་གྱི། །ཐར་པ་རང་ལ་རག་ལས་ཤེས་པར་བྱོས། ཞེས་གསུངས་ཡོད། གསུང་འདི་རྒྱུ་མཚན་དང་ལྡན་པ་ཡོད།
གཉིས་པ་ཇི་ལྟར་བྱས་ནས་ཐར་པའི་གོ་འཕང་འཐོབ་དགོས་པར་བསྟན་པ་ནི།
བདག་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་ཀྱང་རང་བཞིན་གྱིས་ད་ལྟའི་མི་འདོད་པའི་སྡུག་བསྔལ་འདི་གང་དུ་འབྱུང་རྩད་གཅད་དགོས། ད་ལྟ་དངོས་སུ་མྱོང་བཞིན་པའི་སྐྱེ་བ་དང་། ན་བ། རྒ་བ། མཐར་འཆི་བ་སོགས་སྡུག་བསྔལ་བཞིའི་ནང་དུ་འདུས་ཡོད། ཡན་ལག་གི་སྡུག་བསྔལ་ཧ་ཅང་མང་། དགྲ་མི་སྡུག་པ་དང་འཕྲད་པའི་སྡུག་བསྔལ། གཉེན་སྡུག་པ་དང་བྲལ་བའི་སྡུག་བསྔལ། མི་འདོད་པ་ཐོག་ཏུ་འཁེལ་བའི་སྡུག་བསྔལ། འདོད་པ་བཙལ་ཀྱང་མི་རྙེད་པའི་སྡུག་བསྔལ་སོགས་རང་རང་སོ་སོར་སྡུག་བསྔལ་རྣམ་པ་སྣ་ཚོགས་པ་ཞིག་ཡོད་པས་སྡུག་བསྔལ་འདི་རྣམས་སྤང་བའི་ཆེད་དུ་སྡུག་བསྔལ་དེ་ཉིད་རྩད་གཅད་དགོས། སྡུག་བསྔལ་ཉིད་ངོས་ཟིན་པར་མ་ཟད་དེ་བས་ཀྱང་གལ་ཆེ་བ་ཞིག་ལ་སྡུག་བསྔལ་གྱི་རྟེན་གང་ཡིན་པ་དང་རྟེན་དེ་ཉིད་གང་ལས་བྱུང་བ་ཡིན་པ་རིམ་པ་བཞིན་དུ་བརྟག་དཔྱད་བྱེད་དགོས། སྡུག་བསྔལ་གྱི་རྟེན་ནི་ཟག་བཅས་ཕུང་པོ་ལྔའི་རྟེན་དུ་གྱུར་པའི་ད་ལྟའི་གཟུགས་ཕུང་འདི་ཡིན། དཔེར་ན་ད་ལྟའི་ཁྱོད་རང་གིས་མྱོང་བཞིན་པའི་ཚོར་བ་བདེ་སྡུག་བར་མ་གསུམ་གང་རུང་འདི་གང་ལས་བྱུང་ན་བདག་འཛིན་མ་རིག་པའི་དབང་གིས་བྱུང་ཡོད། བདག་འཛིན་མ་རིག་པ་ནི་ཡུལ་དངོས་པོར་འཛིན་སྟངས་ཕྱིན་ཅི་ལོག་ཏུ་གྱུར་པའི་བློ་ཞིག་ཡིན། བློ་དེ་ཡི་རྗེས་སུ་འབྲངས་ནས་ཆགས་སྡང་གི་བློ་སྐྱེ་ཡི་ཡོད། དབུ་མ་ལ་འཇུག་པ་ལས། །དང་པོ་ང་ཞེས་བདག་ལ་ཞེན་གྱུར་ཅིང་། །བདག་གིས་འདི་ཞེས་དངོས་ལ་ཆགས་བསྐྱེད་པས། །ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡི། །འགྲོ་ལ་སྙིང་རྗེ་གྱུར་གང་དེ་ལ་འདུད། །ཅེས་གསུངས་པ་ལྟར་དང་པོ་ང་ཞེས་པའི་བསམ་པའི་བློ་འདིས་རྐྱེན་བྱས་ནས་དེ་ལ་ཆགས་པ་སྐྱེ་ཞིང་། རང་གི་འདོད་པའི་ཕྱོགས་སུ་མ་བབས་པ་ཞིག་ལ་དགྲ་ཞེས་ཐ་སྙད་བཏགས་ནས་ཞེ་སྡང་སྐྱེ། ཆགས་སྡང་གཉིས་ཀྱི་བློ་དེས་འཁོར་བར་ཐར་དུས་མེད་པར་འཁོར་བ་ཡིན་པ་རེད། འཁོར་བར་ཇི་ལྟར་འཁོར་ཞེ་ན། རྗེ་བདག་ཉིད་ཆེན་པོའི་ལམ་གཙོ་རྣམ་གསུམ་ལས། །ཤུགས་དྲག་ཆུ་བོ་བཞི་ཡིས་རྒྱུན་གྱིས་ཁྱེར། །བཟློག་དཀའ་ལས་ཀྱི་འཆིང་བ་དམ་པོས་བསྡམས། །བདག་འཛིན་ལྕགས་ཀྱི་དྲྭ་བའི་སྦུབས་སུ་ཚུད། །མ་རིག་མུན་པའི་སྨག་ཆེན་ཀུན་ནས་འཐིབས། །མུ་མེད་སྲིད་པར་སྐྱེ་ཞིང་སྐྱེ་བ་རུ། །སྡུག་བསྔལ་གསུམ་གྱིས་རྒྱུན་ཆད་མེད་པར་མནར། །ཞེས་གསུངས་སོ། རྗེ་བདག་ཉིད་ཆེན་པོའི་གསུང་བྱིན་རླབས་ཅན་འདིར་ཧ་ཅང་ནུས་པ་ཆེན་པོ་ཞིག་དང་གོ་རྒྱུ་ཆེན་པོ་ཡོད། འདིའི་ཚིག་འདི་རྣམས་དཀྲུགས་ནས་བཀྲལ་ན། དང་པོ་ང་རང་ཚོ་སེམས་ཅན་རྣམས་མ་རིག་པ་མུན་པའི་སྨག་རུམ་ཆེན་པོ་ནས་ལམ་ནོར་དུ་གྱུར། མ་རིག་པ་དེས་བསྐྱེད་ནས་ང་ཞེས་པའི་བདག་འཛིན་ཧ་ཅང་སྲ་མཁྲེགས་ཅན་ལྕགས་ཐག་གིས་མགོ་ལུས་མེད་པར་ཡན་ལག་རྣམས་དམ་པོར་བསྡམས། དེ་བདག་འཛིན་དང་མ་རིག་པ་དེ་གཉིས་ཀྱིས་ང་ཞེས་པའི་དབང་གིས་རང་ཕྱོགས་ལ་ཆགས་ཤིང་གཞན་ཕྱོགས་ལ་སྡང་བས་སྡུག་བསྔལ་གྱིས་མནར་ནས་བཟློག་དཀའ་བའམ་ལས་ངན་གྱི་དབང་གིས་རང་གི་གཟུགས་པོ་མགོ་ལུས་མེད་པར་ལས་ཀྱི་འཆིང་བའམ་ཐག་པ་དམ་པོས་བསྡམས། དེ་ལ་སྡུག་བསྔལ་སྐྱེ་རྒ་ན་འཆི་སོགས་ཧ་ཅང་ཤུགས་དྲག་པོ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོས་དབང་མེད་དུ་ཁྱེར། ད་དུང་དེར་མ་ཟད་ལས་ངན་སླར་ཡང་བསགས་ནས་མུ་མཐའ་མེད་པའི་སྐྱེ་བ་ནས་སྐྱེ་བར་བརྒྱུད་ནས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་འགྱུར་བའི་སྡུག་བསྔལ། སྡུག་བསྔལ་གྱི་སྡུག་བསྔལ་སོགས་ཀྱིས་མྱང་བའོ།། ཀླུ་སྒྲུབ་ཀྱི་རིན་ཆེན་ཕྲེང་བ་ལས། །ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། ཞེས་གསུངས་པ་ལྟར་རང་གི་བདེན་གྲུབ་ཏུ་འཛིན་པའི་ཕུང་པོ་འདི་ཡོད་པ་དེ་སྲིད་དུ་བདེན་འཛིན་ཡོད། བདེན་འཛིན་དེ་ཡོད་པའི་དབང་གིས་རང་ཕྱོགས་ལ་ཆགས་ཤིང་གཞན་ཕྱོགས་སུ་སྡང་བའི་ཉོན་མོངས་སླེབས། ཉོན་མོངས་དེ་ཉིད་ཀྱིས་ལས་ངན་བསགས། ལས་བསགས་ནས་ད་ལྟ་དངོས་སུ་མྱོང་བཞིན་པའི་འབྲས་བུ་འདི་བྱུང་བ་ཡིན་པས་དེ་ཉིད་རྩད་གཅོད་དགོས་ན་ཟབ་མོ་སྟོང་པ་ཉིད་ལ་དཔྱད་སྒོམ་བྱེད་པ་ལས་ཐབས་ལམ་གཞན་གང་ཡང་མེད། བདག་འཛིན་དེ་ཉིད་ལ་ཁ་འདོན་གྱིས་མེད་པར་ཤོག་ཟེར་ནས་སྨོན་ལམ་བྱས་པས་མི་ཕན། ལུས་ཀྱིས་ཕྱག་སྐོར་སོགས་བྱས་ཀྱང་དངོས་ཀྱི་གཉེན་པོར་འགྲོ་མི་ཐུབ། བདག་འཛིན་ལ་གང་གིས་གནོད་ཅེ་ན། བདག་མེད་པའི་སྟོང་པ་ཉིད་ཀྱི་ལྟ་བ་འདི་ཉིད་ཀྱིས་འཇོམས་ཐུབ་པའོ།། ཀླུ་སྒྲུབ་ཀྱིས། །ལས་དང་ཉོན་མོངས་ཟད་པས་ཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར།། ཞེས་གསུངས་པ་ལྟར་རོ། །འཁོར་བར་འཁྱམ་པའི་རྩ་བ་ནི་མ་རིག་པ་འདིས་བྱས་པ་ཡིན། དེ་ནི་མ་ཤེས་པའི་བློ་འཁྲུལ་པའི་དབང་གིས་བྱུང་བ་ཡིན། དེ་ཡི་གཉེན་པོ་རུ་དངོས་ཀྱི་འཛིན་སྟངས་ཕྱིན་ཅི་ལོག་པའི་བློ་ཞིག་རང་གི་སེམས་ཐོག་ནས་རྙེད་དགོས། དེ་ནི་རིག་པའི་ཡེ་ཤེས་བདག་མེད་པའི་སྟོང་ཉིད་ཀྱི་ལྟ་བ་འདི་གཅིག་པུ་ཡིན། དེ་རྙེད་པའི་ཐབས་ལམ་ནི་བླ་མ་ལ་དད་པ་ཙམ་དང་སེམས་ཅན་ལ་སྙིང་རྗེ་ཙམ་དང་། ལུས་ངག་ཟག་བཅས་ཀྱི་དགེ་བ་གང་བྱས་ཀྱང་ཕན་ཡོན་ཙམ་ལས་ད་ལྟ་རང་མ་རིག་པ་དེ་ཉིད་ལ་ཐད་ཀར་གནོད་མི་ཐུབ། མ་རིག་པ་ལ་གང་གིས་གནོད་ཐུབ་ཅེ་ན། ལྟ་ངན་མ་རིག་པའི་བློ་དེ་ཉིད་ལ་ཁོ་ཡི་མི་མཐུན་ཕྱོགས་འཛིན་སྟངས་ཕྱིན་ཅི་ལོག་པའི་བློ་ཞིག་རྙེད་དགོས། དེ་ནི་ཡང་དག་པའི་བདག་མེད་པ་དང་སྟོང་ཉིད་ལྟ་བ་འདི་གཅིག་པུ་ཡིན། དེ་ནི་རྟེན་འབྲེལ་བཅུ་གཉིས་ལ་ཞིབ་ཏུ་བསམ་བློ་བཏང་ནས་དཔྱད་སྒོམ་བྱས་ན་ནམ་ཞིག་རང་གི་སེམས་ཡང་དག་པ་ལ་ངེས་ཤེས་རྙེད་ཅིང་བློ་ངན་མ་རིག་པ་འདི་མཐར་སྐྲོད་གཏོང་ཐུབ། མི་ཕམ་གྱི་ངེས་ཤེས་སྒྲོན་མེ་ལས། ཀྱེ་མ་ཟབ་མོའི་གནས་ལུགས་ལ། །སྦྱོར་བྱེད་ངེས་ཤེས་རིན་པོ་ཆེ། །ཁྱོད་མེད་པ་ན་འཇིག་རྟེན་འདིར། །སྒྱུ་མའི་རྒྱར་ནི་འཐུམ་ཞིང་རྨོངས། །ཞེས་གསུངས་སོ།
གསུམ་པ་མཐར་དེ་རྣམས་སྙིང་པོའི་སྒོ་ནས་དོན་བསྡུ་བ་ནི།
ད་མཇུག་སྡོམ་གྱི་ཚུལ་དུ་རྟེན་འབྲེལ་བཅུ་གཉིས་གང་འདྲ་བྱས་ནས་སྒོམ་དགོས་མིན་མདོར་བསྡུས་ཤིག་བཤད་ཀྱི་ཡིན། མདོ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཞེ་ན། འདི་ལྟར་སྟེ། འདི་ཡོད་པས་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་སོགས་གཅིག་གི་རྒྱུ་ལ་རྟེན་ནས་གཅིག་ཤོས་འབྲས་བུ་རུ་མི་འདོད་བཞིན་དུ་དབང་མེད་ཀྱིས་འབྱུང་བ་རེད།དེ་ལ་རྒྱུ་ཡི་རྟེན་འབྲེལ་དྲུག་ནི།ཐོག་མའི་མ་རིག་པ། གཉིས་པ་འདུ་བྱེད་ཀྱི་ལས། གསུམ་པ་རྣམ་ཤེས། བརྒྱད་པ་སྲེད་པ། དགུ་པ་ལེན་པ། བཅུ་པ་སྲིད་པ་བཅས་དེ་དྲུག་པོའི་དབང་གིས་འབྲས་བུའི་རྟེན་འབྲེལ་དྲུག་པོ་འབྱུང་བ་རེད། འབྲས་བུའི་རྟེན་འབྲེལ་དྲུག་པོ་གང་རེད་ཅེ་ན། བཞི་པ་མིང་གཟུགས། ལྔ་པ་སྐྱེ་མཆེད། དྲུག་པ་རེག་པ། བདུན་པ་ཚོར་བ། བཅུ་གཅིག་པ་སྐྱེ་བ། བཅུ་གཉིས་པ་རྒ་ཤི་ཅི་རིགས་པའི་རྟེན་འབྲེལ་རྣམས་འབྱུང་བ་ཡིན་ནོ།། མ་རིག་པ་དེ་ཉིད་ལ་ཡང་ནས་ཡང་དུ་བརྟག་ཅིང་དཔྱོད་པའི་སྐབས་སུ་མང་པོ་ཞིག་ནས་ཐོག་མར་ད་ལྟའི་གཟུགས་ཕུང་འདིར་གདགས་གཞིར་བྱས་པའི་བཀྲ་ཤིས་མིང་ཅན་འདི་ཡི་སྙིང་དབུས་སུ་ང་ཡོད་སྙམ་པའི་བློ་ལིང་ངེ་བ་ཞིག་སྐྱེ་ཡི་ཡོད། བློ་དེ་ཇི་ཙམ་ཤུགས་ཆེ་རུ་སོང་བ་དེ་ཙམ་གྱིས་ཕུང་པོ་གཞན་གང་ལའང་ལྟོས་པ་མེད་པའི་བློ་མ་རིག་པ་འདི་ཉིད་སྐྱེས་པ་དང་། མ་རིག་དེ་ཡི་དབང་གིས་རང་ཕྱོགས་ལ་ཆགས་པ་དང་གཞན་ཕྱོགས་སུ་སྡང་བ་ཉོན་མོངས་པའི་བློ་རྣམས་རིམ་གྱིས་སྐྱེས་ཏེ་མཐར་ལུས་ངག་ཡིད་གསུམ་ཉོན་མོངས་པའི་གཞན་དབང་ལམ་ལོག་ཏུ་ཕྱིན་ནས་སྐྱེ་བ་ཕྱི་མ་འཁོར་བར་འཕེན་བྱེད་གཉིས་པ་འདུ་བྱེད་ཀྱི་ལས་གསར་དུ་ཀུན་འབྱུང་དང་ཉོན་མོངས་སོགས་གྲུབ། ལས་དེའི་ནུས་པ་མཐུ་ཅན་བག་ཆགས་རྣམ་ཤེས་ལ་བགོས། དེ་འདྲའི་ལས་ཀྱི་ནུས་པ་མཐུ་ཅན་དེ་བརྒྱད་པ་སྲེད་པ་དང་། དགུ་པ་ལེན་པ་གཉིས་ཀྱིས་གསོས་བཏབ་སྟེ། ལས་ཀྱི་ནུས་པ་མཐུ་ཅན་དུ་གྱུར་ནས་བཅུ་པ་སྲིད་པ་གྲུབ། སྲིད་པའི་ལས་ཀྱི་ནུས་པ་མཐུ་ཅན་དེ་ཡི་དབང་གིས་འཁོར་བར་ཡང་བསྐྱར་སྐྱེ་བ་བླངས་ཏེ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དུ་གྱུར་པའི་བཞི་པ་མིང་གཟུགས་ཀྱི་ཕུང་པོ་འདི་གྲུབ། དེ་འདྲའི་ཕུང་པོ་དེ་ཉིད་མངལ་སྐྱེས་ཡིན་པའི་དབང་དུ་བཏང་ན་མ་ཡི་མངལ་ནས་ཉིན་རེ་བཞིན་རིམ་གྱིས་ཇེ་ཆེར་སོང་ནས་ཟླ་དགུ་ཞག་བཅུ་འཁོར་དུས་མཐར་སྡུག་བསྔལ་མྱ་ངན་དང་བཅས་བཙས། དེ་ན་ཚོད་བྱིས་པ་དང་། གཞོན་ནུ། དར་མ། རྒས་པ། ན་བ། མཐར་ཡང་བསྐྱར་འཆི་བས་གཏུགས་ཤིང་། གང་ལྟར་ཡང་ང་ཚོ་འཁོར་བའི་སྡུག་བསྔལ་འདི་དུས་ནམ་ཡང་རྫོགས་རྒྱུ་མེད་པ་ཞིག་དང་། ད་ལྟ་དངོས་སུ་མི་འདོད་བཞིན་དུ་མྱོང་བཞིན་པའི་སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་འདི་རྣམས་རྒྱུ་ཡི་གཙོ་བོ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ལ་ཐུག་ཡོད། དེ་ཉིད་ཀྱི་རིམ་པ་བཞིན་རྟེན་འབྲེལ་བཅུ་གཉིས་ལུགས་ལྡོག་གི་ཚུལ་དུ་ཡར་རྩད་བཅད་ན་མ་རིག་པ་གཏི་མུག་བདེན་འཛིན་འདི་ལ་ཐུག་ཡོད། གཏི་མུག་བདེན་འཛིན་འདི་ནི་བློ་ནོར་བའི་དབང་གིས་བྱུང་བ་ཞིག་ཡིན་པ་ལས་རང་བཞིན་གྱི་བློ་དེ་མིན། མི་ཡི་རང་བཞིན་གྱི་བློ་ནི་གསལ་ཞིང་རིག་པ་སངས་རྒྱས་ཀྱི་སྙིང་པོ་དེ་ཡིན། མ་རིག་པ་སོགས་ཉོན་མོངས་ཀྱི་བློ་ངན་འདི་རྣམས་ཇི་ལྟར་སྤང་ཞེ་ན། དེ་ནི་དེ་ཉིད་ཀྱི་གཉེན་པོ་རིག་པའི་ཡེ་ཤེས་བདག་མེད་ལྟ་བའི་སྟོང་ཉིད་ཀྱིས་རྩིས་ཟིན་ནས་སྤང་དགོས་པ་ལས་གཞན་ཐབས་ལམ་གང་ཡང་མེད། སྟོང་ཉིད་ལ་རིམ་གྱིས་བློ་གོམས་ན་ཉོན་མོངས་དེ་ཉིད་སྤང་བ་ལ་དཀའ་ལས་ཁག་པོ་མེད་དེ། གང་ཡིན་ཟེར་ན། མ་རིག་པ་ལ་བློ་གཞན་གྱི་རྒྱབ་རྟེན་གྱི་ཚད་མ་གང་ཡང་མེད། མ་རིག་པའི་ངོ་བོ་ནི། སྡུག་བསྔལ་གྱི་རྩ་བ། མི་རྟག་པ། འདུ་བྱས། རྫུན་པ། ཀུན་རྫོབ་བདེན་པ། འགྱུར་བ་ཅན། བསླུ་བའི་ཆོས་ཅན། སྐད་ཅིག་མ་བཅས་རེད། རིག་པའི་ཡེ་ཤེས་དེ་ཡི་ལྡོག་ཕྱོགས་བྱམས་པ་དང་སྙིང་རྗེ་སོགས་བློ་གཞན་གྱི་རྒྱབ་རྟེན་གྱི་ཚད་མ་ཡོད་ཅིང་། བདེ་བའི་རྩ་བ། རྟག་པ། འགྱུར་བ་མེད་པ། འདུ་མ་བྱས་པ། བདེན་པ། མི་བསླུ་བ། དུས་རྟག་པ་བ་བཅས་ཡིན་པས་ང་ཚོས་རིག་པའི་ཡེ་ཤེས་ཀྱི་བློ་ལ་ཇི་ཙམ་གོམས་པ་དེ་ཙམ་གྱིས་མ་རིག་པའི་བློ་དེ་ནུས་པ་ཇེ་ཞན་དུ་གཏོང་གི་ཡོད། དཔེར་ན། ཁང་པའི་ནང་དུ་སྣང་བ་ཇི་ཙམ་ཤུགས་ཆེ་བ་དེ་ཙམ་གྱིས་དེ་ཡི་མི་མཐུན་ཕྱོགས་ཀྱི་མུན་པ་དེ་རང་བཞིན་གྱིས་མེད་པར་འགྱུར་འགྲོ། ང་རང་ཚོས་ཀྱང་རིག་པའི་ཡེ་ཤེས་ཀྱི་ཕྱོགས་ལ་བློ་ཇི་ཙམ་ཡར་རྒྱས་ཕྱིན་པའི་ཚོད་ཀྱིས་དེ་ཡི་མི་མཐུན་ཕྱོགས་མ་རིག་པ་དེ་ཉིད་ནུས་པ་ཉམས་དམས་སུ་གཏོང་ཐུབ། མ་རིག་པ་འདི་སྤང་ཐུབ་ན་འཁོར་བའི་རྩ་བ་གཅོད་ཐུབ་པ་རེད། དབུ་མ་བཞི་བརྒྱ་པ་ལས། །ལུས་ལ་ལུས་དབང་ཇི་བཞིན་དུ། །གཏི་མུག་ཀུན་ལ་གནས་གྱུར་ཏེ། །དེ་ཕྱིར་ཉོན་མོངས་ཐམས་ཅད་ནི། །གཏི་མུག་བཅོམ་པས་ཆོམ་པར་འགྱུར། །ཞེས་གསུངས་སོ།། གང་ལྟར་ཀྱང་གོང་དུ་བཤད་པ་ལྟར་མ་རིག་པ་འདི་ཉིད་རྒྱང་ཕུད་གཏང་བསམ་ན་ངེས་པར་དུ་རྟེན་འབྲེལ་བཅུ་གཉིས་དང་། བདེན་བཞི་སོགས་ལ་བསམ་བློ་བཏང་ནས་དཔྱད་སྒོམ་བྱེད་དགོས།ཉན་ཐོས་སྡེ་བའི་དགེ་སློང་རྣམས་ཀྱིས་མི་ཤི་བའི་རུས་པ་མདུན་དུ་བཞག་ནས་དེ་ལ་བརྟག་དཔྱད་བྱེད་ཅིང་། རུས་པ་འདི་དང་པོ་གང་ལས་བྱུང་ཞེ་ན་ཤི་བ་ལས་བྱུང་། ཤི་བ་དེ་ཉིད་ཀྱང་རིམ་གྱིས་ན་བ། རྒ་བ། སྐྱེ་བ་སོགས་རིམ་བཞིན་རྟེན་འབྲེལ་བཅུ་གཉིས་ལུགས་ལྡོག་གིས་སྒོམ་བྱེད་ཀྱི་ཡོད། དེས་སེམས་ལ་ཕན་ཐོག་ཐོགས་ཧ་ཅང་ཆེན་པོ་ཡོད། སྒོམ་གྱི་སྐབས་སུ་མཐར་གཏུག་ས་དེ་བདག་འཛིན་མ་རིག་པ་འདི་ཡིན་པར་ཧ་གོ་ནས་དེ་ལ་གཉེན་པོ་བདག་མེད་ལྟ་བའི་སྟོང་པ་ཉིད་སོགས་ལ་སྒོམ་བྱེད་ཀྱི་ཡོད། གང་ཡིན་ཟེར་ན་བདག་འཛིན་མ་རིག་པ་འདི་སྐྱོན་ཅན་དུ་ངོས་ཟིན་ནས་སྒོམ་བྱས་ན་ཉོན་མོངས་ཡོངས་རྫོགས་ཀྱི་རྩ་བ་ལ་གདོང་ལེན་བྱེད་ཀྱི་ཡོད། གང་དགག་བྱའི་ཉོན་མོངས་ངོས་མ་ཟིན་ནས་གཉེན་པོའི་ཆོས་སྒྲུབ་ཁུལ་བྱས་ཀྱང་དཔེར་ན་འབེན་ཤར་དུ་བཞག་ནས་མདའ་ནུབ་ཏུ་འཕངས་པ་དང་གཅིག་པ་ཡིན། ཉོན་མོངས་མཐར་སྐྲོད་གཏང་དགོས་ན་དང་པོ་ཉོན་མོངས་གང་ཡིན་པ་དང་། གང་དུ་གནས་པ། ཚུལ་ཇི་ལྟར་གནས་པ་སོགས་ཧ་མ་གོ་ན་ཉོན་མོངས་མཐར་སྐྲོད་གཏང་མི་ཐུབ། དཔེར་ན། གཡུལ་དུ་འཇུག་པའི་སྐབས་སུ་ཕ་རོལ་པོ་དགྲ་བོ་དེ་ཉིད་དང་པོ་སུ་དང་གང་ཡིན་པ་ངོས་ཟིན་པ་དང་ དེ་ནས་དགྲ་བོ་མང་ཉུང་ཇི་ཙམ་ཡོད་པ། རིམ་བཞིན་ས་ཆ་གང་དུ་གནས་པ། མཐར་དེ་ཐབས་ལམ་གང་འདྲ་བྱས་ནས་དམག་འཐབ་བྱེད་དགོས་པ་སོགས་ཚང་མ་ཧ་གོ་བར་བྱས་ཏེ་གཞི་ནས་དམག་འཐབ་བྱས་ན་དགྲ་བོ་ས་གནས་དེ་ནས་མཐར་སྐྲོད་བཏང་ནས་རང་ཉིད་ལ་རྒྱལ་ཁ་ཐོབ་ཐུབ། གོང་གི་དཔེ་དེ་བཞིན་དུ་ང་རང་ཚོའི་རྒྱུད་ལ་དང་པོ་དམག་དཔོན་བཀྲ་མ་ཤིས་པ་མ་རིག་པ་འདི་གྲོགས་ཉོན་མོངས་དུག་ལྔ་དང་འགྲོགས་ནས་རང་རྒྱུད་ལ་གབ་བསྡད་ཡོད། གབ་སྟངས་དེ་ཉིད་ཀྱང་ཧ་ཅང་ཐབས་མཁས་པོ་རྟེན་འབྲེལ་བཅུ་གཉིས་དང་འབྲེལ་ནས་བསྡད་ཡོད་པས་དང་པོ་རྟེན་འབྲེལ་བཅུ་གཉིས་འདི་ཉིད་ཧ་གོ་བར་བྱེད་ཅིང་དེ་ཉིད་རེ་རེ་བཞིན་དུ་ངོས་ཟིན་པའི་ཐོག་ནས་མཐར་མ་རིག་པ་དགྲ་བོ་གཏི་མུག་བདེན་འཛིན་འདི་ངོས་བཟུང་ནས་བདག་མེད་རྟོགས་པའི་ཤེས་རབ་གཉེན་པོ་རུ་བསྟེན་ནས་དམག་འཐབ་བྱས་ནས་གསད་དགོས་པ་རེད། དོན་ངོ་མར་གཏི་མུག་བདེན་འཛིན་དེ་གང་རེད་ཅེ་ན། དེ་ནི་ངའམ་བདག་ཏུ་འཛིན་པའི་ལྟ་བ་འདི་རེད།འགའ་ཤས་ནས་འདི་བསམ་སྲིད་དེ། བདག་ཞེས་པའི་ལྟ་བ་འདི་སྤང་དགོས་ན་ད་ལྟའི་ཞེན་ཡུལ་དུ་གྱུར་པའི་གང་ཟག་བཀྲ་ཤིས་ཞེས་པའི་མིང་ཅན་འདི་སྤང་དགོས་པ་རེད་དམ་ཞེ་ན། དེ་ནི་ཁྱེད་རང་གི་ད་ལྟའི་མིང་ཙམ་གྱི་བཀྲ་ཤིས་འདི་དང་། བདག་ཞེས་རང་ངོས་ནས་མ་གྲུབ་པ་འདི་གཉིས་གཞི་གཅིག་ཏུ་འཁྲུལ་ནས་བྱུང་བ་རེད་མ་གཏོགས་དོན་ངོ་མར་བསམ་བློ་བཏང་ན་ཁྱེད་རང་གི་ད་ལྟ་བློ་ལ་འཆར་བཞིན་པའི་བདག་ལིང་ངེ་བ་འདི་དང་། མིང་གི་བརྡས་བཏགས་ཙམ་གྱི་ཕུང་པོ་ལྔས་བསྡུས་པའི་གང་ཟག་འདི་ཉིད་གཅིག་ཏུ་བཟུང་ནས་ནོར་འཁྲུལ་བྱུང་བ་རེད།གལ་སྲིད་ཁྱེད་རང་གིས་ངའམ་བདག་ཅེས་པ་འདི་ད་ལྟའི་བཀྲ་ཤིས་མིང་ཅན་གྱི་ཕུང་པོ་ལྔ་གང་ནས་བཙལ་ཀྱང་བདག་རྙེད་ཐུབ་བམ་བསམ་བློ་ཐོངས། དཔེར་ན་དང་པོ་བཀྲ་ཤིས་རང་གི་གཟུགས་ཀྱི་ཕུང་པོ་འདིའི་ཐོག་ནས་བདག་བཙལ་དགོས། གཟུགས་སམ་ཕུང་པོ་ཞེས་པ་འདི་ཡང་རྡུལ་ཕྲན་མང་པོ་ཞིག་ཕྱོགས་གཅིག་ཏུ་འདུས་ནས་དེ་ལ་མིང་གིས་བཀྲ་ཤིས་ཟེར་ནས་བཏགས་པ་ཙམ་ཡིན། གལ་སྲིད་གཟུགས་ཕུང་འདིར་བདག་ཡོད་དམ་སྙམ་ན། གཟུགས་འདི་ལའང་མགོ་དང་། རྐང་པ་གཉིས། ལག་པ་གཉིས། དེ་རེ་རེ་བཞིན་དུ་ཡན་ལག་དང་ཉིང་ལག་མ་འདྲ་བ་རེ་ཡོད་པས་བདག་མི་རྙེད། ཡན་ལག་རྣམས་ཆ་ཤས་སུ་བསལ་ནས་དུམ་བུར་གཏུབ་ནས་བསལ་ན་མཐར་རྡུལ་ཕྲན་ཆ་མེད་རང་དུ་འགྱུར་འགྲོ་བ་ལས་བདག་མི་རྙེད། དཔེ་དེ་བཞིན་དུ་ཚོར་བའི་ཕུང་པོ་དང་། འདུ་ཤེས། འདུ་བྱེད་སོགས་ཕུང་པོ་བཞི་ཀ་ནས་བཙལ་ཀྱང་བཀྲ་ཤིས་བསམ་པའི་ངའམ་བདག་དེ་མི་རྙེད། འོ་ན་བདག་དེ་རྣམ་ཤེས་ལ་གནས་ཡོད་དམ་སེམས་ན། རྣམ་པར་ཤེས་པའི་རྒྱུན་གང་གི་ཕྱོགས་སུ་གནས་བརྟག་དཔྱད་བྱོས། སེམས་ལ་ཕྲ་རགས་ཧ་ཅང་མང་པོ་ཡོད། ད་ལྟའི་སེམས་འདི་ཉིད་བདག་ཡིན་སེམས་ན། ད་ལྟའི་སེམས་ལ་འདས་པའི་སེམས་དང་། མ་འོངས་པའི་སེམས། ད་ལྟ་རང་གི་སེམས་གསུམ་ཡོད་པས་སེམས་གང་གི་ཕྱོགས་སུ་གནས། དེ་གསུམ་ཀའི་ཕྱོགས་སུ་གནས་ཞེ་ན་འོ་ན་ཁྱོད་རང་གི་བདག་དེ་ཡང་སེམས་ཀྱི་འདས་མ་འོངས་དུས་གསུམ་ནང་བཞིན་བདག་ཀྱང་དུས་གསུམ་སོགས་འགྱུར་ནས་གང་ཟག་གཅིག་ལ་བདག་གསུམ་ཡོད་པར་ཐལ་ལོ། བདག་ད་ལྟའི་སེམས་འདི་རང་ཡིན་ཟེར་ན། ད་ལྟའི་སེམས་འདིའང་ད་ལྟ་ད་ལྟའི་སེམས་དང་། ད་ལྟ་མ་འོངས་པའི་སེམས། ད་ལྟ་འདས་པའི་སེམས་དུས་གསུམ་དུ་ཡང་ནས་ཕྱེས་ནས་བཙལ་ཀྱང་ཕྱི་ཡི་གཟུང་བ་རྡུལ་ཆ་མེད་བཞིན་དུ་ནང་གི་སེམས་དེ་ཉིད་ཀྱང་ཤེས་པ་ཆ་མེད་དུ་འགྱུར་བས་གང་ལྟར་ནང་གི་སེམས་ཀྱི་ཐོག་ནས་བདག་བཙལ་ཀྱང་མི་རྙེད་དོ།།
དེ་ཡིན་ན་བདག་ཟེར་བ་འདི་ཕྱི་ནང་གང་གི་ཕྱོགས་ནས་བཙལ་ཀྱང་ཡེ་ནས་མེད་པ་རེད་དམ་ཞེ་ན། དེ་ཡང་མ་ཡིན་ཏེ། བདག་བྱ་བྱེད་ལས་གསུམ་ཕན་གནོད་ཀྱི་ཡུལ་ཅན་ཞིག་ཏན་ཏན་ཡོད་པ་རེད། བདག་དེ་ཡོད་སྟངས་གང་འདྲ་བྱས་ནས་ཡོད་དམ་ཞེ་ན། ད་ལྟའི་ཕུང་པོ་ལྔ་ཡི་ཚོགས་པའི་ལུས་འདིར་ཀུན་རྫོབ་བདེན་པའི་ངོ་ལ་མ་བརྟག་མ་དཔྱད་པར་མིང་བརྡས་བཞག་ཙམ་ལ་འཇིག་རྟེན་འཁྲུལ་པའི་ངོར་ཡོད་ཞེས་པའི་ཐ་སྙད་བཞག་ཀྱང་འགྲིག་པ་རེད། ཡོད་སྟངས་དེ་ཉིད་ཀྱང་དཔེར་ན། ཁང་པ་གསལ་ཆ་མེད་པའི་ཟུར་ཞིག་ལ་ཐག་པ་ཁྲ་ཁྲ་སྦྲུལ་འདྲ་བོ་ཞིག་ལ་མུན་པ་ཚབ་ཚུབ་སྐབས་སུ་གང་ཟག་ཞིག་གིས་བློ་བུར་དུ་འདི་ལ་སྦྲུལ་འདུག་བསམ་པའི་བློ་སྐྱེས་པ་དང་མཉམ་དུ་གཞན་ལའང་ཁ་ནས་ཁང་པ་འདིའི་ནང་དུ་སྦྲུལ་འདུག་ཟེར་དུས་མི་མང་པོས་སྦྲུལ་ཡོད་མེད་རྩད་གཅོད་ཇི་བཞིན་མ་བྱས་པར་ཚང་མས་ཐག་པར་སྦྲུལ་འཛིན་གྱི་བློ་བྱུང་བ་ལྟར་རེད། ང་རང་ཚོས་ཀྱང་ཕུང་པོ་ལྔས་བསྡུས་པའི་ད་ལྟའི་གང་ཟག་བཀྲ་ཤིས་མིང་ཅན་འདི་མ་བརྟག་མ་དཔྱད་པའི་ངོར་ཐག་ཁྲར་སྦྲུལ་འཛིན་གྱི་བློ་སྐྱེས་པ་ཇི་བཞིན་བྱུང་བ་ཞིག་རེད། དོན་ངོ་མར་ཁང་པའི་ནང་དུ་སྦྲུལ་མེད་པ་ནང་བཞིན་ཕུང་པོ་ལྔའི་སྟེང་ནས་ཀྱང་བདག་རང་བཞིན་གྱིས་གྲུབ་པ་གཏན་ནས་མེད། འཕགས་པ་རྣམས་ཀྱིས་བདག་བཀག་པ་འདི་གནད་འགག་གང་ལ་ཐུག་ཡོད་ཟེར་ན། བདག་གནས་སའི་ད་ལྟའི་གང་ཟག་གི་རྟེན་ཅན་རྙེད་པར་དཀའ་བའི་ལུས་རྟེན་གྱི་གཟུགས་ཕུང་འདི་ཡག་པོ་མ་རེད་ཟེར་ནས་བཀག་པ་མ་རེད། གང་བཀག་པ་རེད་ཟེར་ན། ང་རང་ཚོའི་བདག་བདེན་གྲུབ་ཏུ་འཛིན་པ། རང་བཞིན་གྱིས་འཛིན་པ། རྟག་པར་འཛིན་པའི་བློ་ངན་འདིས་བདག་ལ་གཅེས་པར་བསྐྱངས་ནས་དེ་ཉིད་ཀྱི་བློ་ཡིས་ཆགས་སྡང་སོགས་མི་དགེ་བ་མང་པོ་སྒྲུབ་ཀྱི་ཡོད། བདག་ལ་གཅེས་པར་འཛིན་པའི་བློ་ངན་འདི་ནོར་བ་ཡིན་ཙང་བློ་ནོར་བའི་ཕྱོགས་བདག་རང་བཞིན་གྱིས་གྲུབ་པ་ཉིད་བཀག་པ་རེད། སྤྱོད་འཇུག་ལས། ཇི་ལྟར་མཐོང་ཐོས་ཤེས་པ་དག། །འདི་ནི་དགག་པར་བྱ་མིན་ཏེ། །འདིར་ནི་སྡུག་བསྔལ་རྒྱུར་གྱུར་པའི། །བདེན་པར་རྟོགས་པ་བཟློག་བྱ་ཡིན། ཞེས་གསུངས་པ་ལྟར་སངས་རྒྱས་ཀྱི་ཆོས་གཞུང་ལས་བློ་ཕྱིན་ཅི་ལོག་པ་ཚང་མ་འགོག་གི་ཡོད་པ་རེད། སངས་རྒྱས་ཀྱི་ཆོས་ཀྱི་སྙིང་པོ་དེ་ལྟ་བ་བཀར་རྟགས་ཀྱི་ཕྱག་རྒྱ་བཞིའི་ནང་འདུས་ཡོད་པ་རེད། དེ་གང་རེད་ཟེར་ན། དང་པོ་འདུས་བྱས་ཐམས་ཅད་མི་རྟག་པ། གཉིས་པ་ཟག་བཅས་ཐམས་ཅད་སྡུག་བསྔལ་བ།གསུམ་པ་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། བཞི་པ་མྱ་ངན་ལས་འདས་པ་ཞི་བ་ཞེས་འདི་བཞི་པོ་རེད། དང་པོ་ནས་སངས་རྒྱས་ཀྱིས་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་ཟེར་ནས་གསལ་པོར་གསུངས་ཟིན་ཀྱང་། ང་ཚོ་སེམས་ཅན་རྣམས་ཀྱིས་འདུས་བྱས་ཀྱི་ཆོས་རྣམས་དང་། ལྷག་པར་དུ་བདག་ཅེས་པ་འདི་རྟག་པ་བདེན་གྲུབ་ཏུ་འཛིན་པ་རེད། དེའི་ཐོག་ནས་བློ་ནོར་བ་དང་པོ་བྱུང་བ་རེད། སངས་རྒྱས་ཀྱིས་ཟག་བཅས་རྣམས་སྡུག་བསྔལ་ཡིན་ཞེས་གསལ་པོར་གསུངས་ཟིན་ཀྱང་། ང་ཚོ་སེམས་ཅན་རྣམས་དབང་པོ་སྒོ་ལྔའི་ཟག་བཅས་ཀྱི་བདེ་བ་འདི་རྣམས་བདེ་བ་ཡང་དག་པར་བཟུང་ནས་བློ་ནོར་བ་གཉིས་པ་དེ་བྱུང་བ་རེད། ཡང་སངས་རྒྱས་ཀྱིས། ཆོས་ཐམས་སྟོང་པ་ཉིད་དང་བདག་མེད་པ་ཡིན་ཞེས་གསལ་པོར་གསུངས་ཀྱང་། ང་ཚོ་སེམས་ཅན་རྣམས་ཀྱིས་ཕྱི་རོལ་གྱི་ཤེས་བྱའི་ཆོས་ཡོངས་སུ་རྫོགས་པ་དབང་པོ་སྒོ་ལྔར་གང་ཡོད་པ་དེ་རྣམས་རང་བཞིན་གྱིས་གྲུབ་པ་དང་བདེན་པར་གྲུབ་པ་བཟུང་ནས་བློ་ནོར་བ་གསུམ་པ་དེ་བྱུང་བ་རེད། སངས་རྒྱས་ཀྱིས་ཐ་མར། མྱང་འདས་ཞི་བ་ཡིན་གསུངས་པ་འདི་སངས་རྒྱས་ཀྱིས་གང་གསུངས་པ་ནང་བློ་ཡི་འཛིན་སྟངས་ཕྱིན་ཅི་མ་ལོག་པར་ཡང་དག་པའི་ངོར་གསུངས་པ་རེད་མ་གཏོགས་བློ་ནོར་འཁྲུལ་ཅན་གྱི་ངོར་གསུངས་པ་མ་རེད། དེར་བརྟེན་ང་ཚོ་ལ་མྱང་འདས་ཞི་བ་དེ་ལ་ཐག་ཧ་ཅང་རིང་དུ་སོང་བ་རེད། རྒྱུ་མཚན་གང་ཡིན་ཟེར་ན་ང་ཚོ་བློ་ནོར་བའི་ཕྱོགས་སུ་སོང་བས་རེད། གང་ལྟར་ཡང་སངས་རྒྱས་ཀྱིས་མ་ཡིས་བུ་ལ་བརྩེ་བས་གདམས་པ་ལྟར་འདི་གྱིས་དང་འདིའི་ལམ་ནས་བདེ་བ་རྙེད། འདི་མ་བྱེད་འདི་བྱས་ན་འདི་ཡི་ལམ་ནས་སྡུག་བསྔལ་ཡོང་སོགས་ལམ་ཡང་དག་པ་དང་མ་ནོར་བར་གསལ་པོར་གསུངས་ཟིན་ཀྱང་ང་ཚོ་སེམས་ཅན་རྣམས་ལམ་ནོར་བ་དེའི་ཕྱོགས་སུ་ཨུ་ཚུགས་སུ་ཕྱིན་པ་རེད། སངས་རྒྱས་ཀྱིས་མི་རྟག་པ་དང་སྡུག་བསྔལ་སོགས་གསུང་བའི་སྐབས་སུ་མི་མང་པོ་ཞིག་ནས་གོ་འདོད་མེད་སྲིད་ཀྱང་། མི་རྟག་པ་དང་སྡུག་བསྔལ་འདི་རྣམས་འཁོར་བའི་རང་བཞིན་དངོས་ཡོད་གནས་ཚུལ་དང་མཐུན་པའི་འགྲེལ་བཤད་རེད་མ་གཏོགས། དོན་དངོས་དང་མི་མཐུན་པར་སངས་རྒྱས་རང་གིས་གསུངས་ནས་རྗེས་སུ་ནང་ཆོས་སུ་གྲུབ་སོང་བ་ཞིག་མ་རེད། ནང་ཆོས་ཁས་མ་བླངས་ཀྱང་མི་ཤི་ནས་འགྱུར་བ་འགྲོ་བ་དང་། དཀའ་ངལ་གྱིས་སྡུག་བསྔལ་ཡོད་པ་འདི་རྣམས་འགྲོ་བ་སྤྱི་ཡིས་མི་འདོད་བཞིན་དུ་མིག་གིས་མཐོང་ཞིང་ཉམས་སུ་མྱོང་བཞིན་པ་འདི་རེད། འདི་ང་ཚོས་ཁས་ལེན་དགོས་པ་རེད། སངས་རྒྱས་ཀྱིས་འདི་དངོས་ཡོད་གནས་ཚུལ་དང་མཐུན་པའི་འགྲེལ་བཤད་གནང་བ་རེད། མང་པོ་ཞིག་ནས་བདག་མེད་ཟེར་དུས་རང་བཞིན་གྱིས་ད་ལྟ་བདེ་སྡུག་སྣ་ཚོགས་མྱང་སའི་རྟེན་གཞི་བཀྲ་ཤིས་མིང་ཅན་གྱི་གང་ཟག་འདི་བློས་གཏང་དགོས་ན་བསམ་པའི་བློ་ཕྱིན་ཅི་ལོག་པ་སྐྱེ་ཡི་ཡོད་ཀྱང་དེ་གཏན་ནས་མིན། ནང་པའི་ཆོས་གཞུང་ཚང་མའི་ནང་ནས་ཧ་ཅང་རྙེད་དཀའ་བའི་ད་ལྟའི་དལ་འབྱོར་གྱི་ལུས་རྟེན་འདི་ཧ་ཅང་རྩ་ཆེན་པོ་ཡིན་པས་འདི་བདག་པོ་བརྒྱབ་དགོས་ཟེར་བ་ལས་འདི་ཡག་པོ་མ་རེད་བློས་གཏང་དགོས་ཞེས་གཏན་ནས་མི་ཟེར། རང་བཞིན་གྱིས་མ་གྲུབ་པའི་བདག་དང་། ད་ལྟའི་ཕུང་པོ་ལྔ་ཡི་ཁུར་འཛིན་མཁན་གྱི་ལུས་འདི་གཉིས་ཁ་ཁ་རེད། གང་དགག་རྒྱུའི་བདག་ནི་རང་བཞིན་གྱིས་བདེན་གྲུབ་ཏུ་འཛིན་པའི་བདག་དེ་བཀག་པ་རེད། ཇི་སྲིད་བདག་འཛིན་དེ་ཡོད་ན་དེ་སྲིད་དུ་དེས་ཉོན་མོངས་སྐྱེ་ཡི་རེད། ཉོན་མོངས་སྐྱེས་པ་ཡིན་ན་རང་ལ་ནོད་ཀྱི་ཡོད་པ་རེད། དེ་ཉིད་ཀྱིས་སྡུག་བསྔལ་ཡོང་གི་རེད། དེ་འདྲའི་བདག་འཛིན་མ་རིག་པ་དེ་ཉོན་མོངས་ཀྱི་རྩ་བ་ཡིན་སྟབས་སངས་རྒྱས་ཀྱིས་དེ་ལ་དགོངས་ནས་གཉེན་པོ་བདག་མེད་ཀྱི་ལྟ་བ་གསུངས་པ་རེད། དཔེར་ན་བདག་འཛིན་འདིའི་རྐྱེན་གྱིས་དང་པོ་རང་གི་ཡུལ་ཡིད་དུ་འོང་བའི་ཕྱོགས་ལ་ཆགས་པ་སྐྱེས་པ་རེད། ཆགས་པའི་ཡུལ་དེ་ཉིད་ལ་གཞན་གྱིས་གནོད་པ་དང་། ཚིག་རྩུབ་སོགས་བྱས་པའི་རྐྱེན་གྱིས་མི་དགའ་བར་ཞེ་སྡང་དང་ཕྲག་དོག་སོགས་དུས་མཉམ་དུ་བློ་འབྱུང་གི་ཡོད། གང་ལྟར་བདག་འཛིན་འདིའི་དབང་གིས་ཡུལ་ལ་ཆགས་པ་འདྲེན་ཅིང་། ཆགས་པས་སྡང་བ་འདྲེན། བདག་འཛིན་དེ་ཉིད་གཏི་མུག་མ་རིག་པ་ཡིན་ཙང་རང་བཞིན་གྱིས་ཉོན་མོངས་ཀྱི་རྩ་བ་དུག་གསུམ་མཉམ་དུ་འདུས་ཚར་བ་རེད།དུག་གསུམ་མཉམ་དུ་འདུས་པའི་ལས་ཇི་ལྟར་བྱས་ཀྱང་དེ་ཉིད་མི་དགེ་བ་ཡིན་པ་རེད།འགའ་ཤས་ཞིག་ནས་འདི་ལྟར་བསམ་སྲིད། བདག་འཛིན་འདི་ནི་རང་དང་རང་གི་སྤུན་གྲོགས་ཉེ་དུ་རྣམས་སྲུང་སྐྱོབ་ལ་མེད་དུ་མི་རུང་བ་ཞིག་རེད་འདུག། འདི་མེད་ན་འཇིག་རྟེན་ཁམས་ནས་ཁེ་སང་གང་ཡང་མེད་པར་ཕམ་ཁ་ཁུར་ནས་བསྡད་དགོས་ས་རེད། དེ་བས་བདག་འཛིན་འདི་གཏན་ནས་སྤང་མི་ཐུབ་ཅེ་ན།ཕྱོགས་གཅིག་ནས་བལྟས་ནས་ཁྱེད་རང་གི་བསམ་ཚུལ་དེར་བདེན་ཆ་ཞིག་ཡོད་སྲིད་ཀྱང་། དོན་ངོ་མར་དེ་ནི་ཁྱེད་རང་གི་ཕུག་རྒྱང་ཐུང་ངུ་ཉི་ཚེ་བའི་བསམ་བློ་ཞིག་ཡིན། དཔེར་ན། དེང་སང་ཚོང་དང་དཔལ་འབྱོར་འདི་རྣམས་ཡོང་ཁུངས་གཙོ་བོ་ནི་མི་ཡི་སྤྱི་ཚོགས་ནང་ནས་མང་ཚོགས་ཀྱི་དཀའ་ལས་ལ་བརྟེན་ནས་ཡོང་གི་ཡོད། དེ་ལ་མི་འགའ་ཤས་ནས་རང་འདོད་དང་ཧམ་ཤེད་ཀྱིས་ཆོག་ཤེས་གང་ཡང་མེད་པར་རང་ཁེ་གཞན་ཕན་གྱི་འགྲན་རྩོད་ཁྲོད་ནས་ཕལ་ཆེར་མི་དགེ་བ་བཅུ་དང་། ལྐོག་རྔན། གཡོ་སྒྱུ་སོགས་ཀྱི་ལས་ལམ་ལ་བརྟེན་ནས་ཁོ་རང་ལ་ཁེ་སང་དང་རྒྱལ་ཁ་ཡོང་གི་ཡོད། དེ་ནི་ཆོས་དང་མ་ཟད་འཇིག་རྟེན་ནས་མིའི་བཟང་སྤྱོད་དང་བྲལ་བ་ཡིན། མི་དགེ་བ་བཅུས་བསགས་པའི་འབྲས་བུ་གང་ཡིན་ཡང་གནས་སྐབས་མཐར་ཐུག་གང་གི་སྐབས་ནས་ཡིན་ཡང་བདེ་བ་མེད། དཔེར་ན། མི་ཞིག་ལ་རྫུན་བཤད་ནས་དེ་ཉིད་ཀྱི་ལག་ནས་རང་ལ་ཚོང་གི་ཁེ་སང་ཡོད་ན་དེ་ནི་ཁ་ནས་རྫུན་དང་ལག་ནས་མ་བྱིན་ལེན་པ་དང་གཅིག་པ་ཡིན། རང་ལ་ཐོབ་པའི་རྒྱུ་ནོར་དེས་ཚེ་འདིར་བག་ཕབ་པོ་དང་བློ་བདེ་བོ་ཞིག་མེད། རྟག་པར་འགྱོད་པས་གདུང་ནས་འདུག་དགོས་ཡོང་གི་ཡོད། རང་གི་ཆེད་དུ་གཞན་ལ་རྫུན་དང་། སྲོག་གཅོད་སོགས་ལ་བརྟེན་ནས་རང་ཉིད་རྒྱལ་ན་དེ་ནི་དཔའ་བོ་ངོ་མ་དེ་མིན། དཔའ་བོ་ངོ་མ་ནི་རང་གི་རྒྱུད་ལ་ཐོག་མེད་ནས་ད་བར་ཡོད་པའི་བདག་འཛིན་གདོན་ཆེན་འདི་མཐར་སྐྲོད་ཐུབ་ན་དེ་དཔའ་བོ་ཡིན། རྒྱལ་སྲས་ཆེན་པོ་ཞི་བ་ལྷས་འདི་ལྟར་གསུངས་ཡོད། དེང་སང་མི་རྣམས་ཀྱིས་ཉམ་ཐག་སེམས་ཅན་འགའ་ལ་སྲོག་གཅོད་མ་བྱིན་ལེན་སོགས་གནོད་པ་བྱེད་ཅིང་རང་རྒྱལ་ན་དེར་དཔའ་བོར་ངོམ་སོ་བྱེད་བཞིན་ཡོད་ཀྱང་། ཁོ་རང་བདག་འཛིན་མ་རིག་པ་འདིའི་ཞབས་སུ་མགོ་བསྒུར་ནས་བསྡད་དགོས་ཐུག་ཡོད། དོན་དུ་དེ་ནི་སྡར་མ་ངོ་མ་དེ་ཡིན། སྙིང་རྗེའི་ཡུལ་དུ་གྱུར་པའི་ཉམ་ཐག་སེམས་ཅན་རྣམས་ལ་གནོད་པ་ཁ་ལྷག་བྱེད་དགོས་དོན་མེད། ཁོ་རང་ཚོ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་བྱིངས་ནས་བསྡད་ཡོད། ཁོ་རང་ཚོ་གསོད་མི་དགོས། ཉི་མ་རེ་རེ་བཞིན་རང་བཞིན་གྱིས་ཤི་འགྲོ་གི་ཡོད། ང་ནི་དཔའ་བོ་ངོ་མ་དེ་ཡིན། གང་ཡིན་ཟེར་ན་བདག་འཛིན་འདིའི་ཞབས་སུ་མགོ་བོ་མ་བསྒུར་བར་འདི་ལ་འཐབ་འཛིང་བྱས་ནས་མཐར་རང་ལ་རྒྱལ་ཁ་ཐོབ་ཅིང་ཁོ་རང་མཐར་སྐྲོད་བཏང་ཞིང་ད་ལྟ་ནས་ང་ཡིས་ཕ་མ་སེམས་ཅན་རྣམས་ལ་བརྩེ་བས་བསྐྱངས་ན་འགྲོ་བ་སེམས་ཅན་རྣམས་གཉེན་དུ་གྱུར་ན་དཔའ་བོ་ཡང་དག་པ་དེ་ཡིན་ཞེས་གསུངས་པ་ལྟར་ཐེག་ཆེན་གྱི་ནང་ཆོས་ཀྱི་སྙིང་པོ་ནི་གཞན་གཅེས་འཛིན་བྱེད་རྒྱུ་འདི་ཡིན། གཞན་གཅེས་འཛིན་བྱེད་ཟེར་དུས་མང་པོ་ཞིག་ནས་རང་གི་ཁེ་སང་ཡོངས་རྫོགས་བློས་བཏང་ནས་རང་གིས་ཕམ་ཁ་ཁུར་ནས་བསྡད་དགོས་པར་བསམ་སྲིད་ཀྱང་དེ་གཏན་ནས་མིན། རང་གི་བདག་འཛིན་འདི་བློས་བཏང་ནས་གཞན་སེམས་ཅན་རྣམས་ལ་བསམ་བློ་ཁྱུག་ཙམ་རེ་འཁོར་ན་རང་གི་བདེ་བ་ངོ་མ་དེ་རྙེད་པའི་འགོ་ཚུགས་པ་རེད། ང་རང་ཚོ་ཐོག་མེད་ནས་ད་བར་འཁོར་བར་འཁྱམས་པའི་རྒྱུ་ཡི་གཙོ་བོ་དེ་བདག་གཅེས་འཛིན་དེས་བྱས་པ་རེད། དེ་རིང་ནས་བཟུང་སྟེ་རང་གཅེས་འཛིན་དེ་བློས་བཏང་གཞན་གཅེས་འཛིན་དེ་དང་དུ་བླངས་ན་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་མ་ནོར་བར་བདེ་ནས་བདེ་བ་རུ་ཕྱིན་པ་རེད། སྤྱོད་འཇུག་ལས། །འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང་། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང་། །མང་དུ་བཤད་ལྟ་ཅི་ཞིག་དགོས། །བྱིས་པས་རང་འདོན་བྱེད་པ་དང་། །ཐུབ་པས་གཞན་གྱི་དོན་བྱེད་པ། །འདི་གཉིས་ཀྱི་ནི་ཁྱད་པར་བལྟོས། ཞེས་གསུངས་པ་ལྟར་ལགས་སོ།། གང་ལྟར་གོང་དུ་ཇི་ལྟར་བཤད་པ་བཞིན་དང་པོ་བདེན་བཞི་ནས་བཟུང་སྟེ་དེ་ནས་རིམ་བཞིན་སྐྱབས་འགྲོ་དང་། རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་ལྡོག་སོགས་ཀྱི་སྒོ་ནས་རིམ་གྱིས་བསམ་བློ་ཞིག་བཏང་ནས་མཐར་བདག་མེད་པའི་དོན་ལ་ངེས་པ་སྙིང་ནས་བསྐྱེད་ཅིང་། ཉིན་མ་རེ་ལ་ངའམ་བདག་ཟེར་བའི་མིང་ཅན་འདི་གང་དུ་འདུག་བསམ་བློ་ཞིབ་ཏུ་བཏང་ནས་དཔྱད་སྒོམ་གྱིས་བདག་མེད་བསྒོམས་ན་རིམ་གྱིས་གོམས་ནས་མཐར་བདག་མེད་ཀྱི་ལྟ་བ་ལ་ངེས་ཤེས་རྙེད་དོ།། གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཉིན་མ་རེར་བདག་མེད་པའི་དོན་ལ་ཉུང་མཐར་ཐེངས་མ་བཅོ་ལྔ་ཙམ་སྒོམ་གྱི་ཡོད་གསུངས་པ་རེད། དེང་སང་མང་པོ་ཞིག་ནས་དྲན་པ་ཉེར་བཞག་དང་ཞི་གནས་སོགས་ལ་སྒོམ་བྱེད་ཀྱི་ཡོད་ཀྱང་། བདག་མེད་ཀྱི་དོན་ལ་བསམ་བློ་བཏང་ནས་སྒོམ་བྱེད་མཁན་ཧ་ཅང་ཉུང་། ང་རང་ཚོའི་སེམས་མ་སྐྱིད་པ་བཟོ་མཁན་འདི་ཉོན་མོངས་པ་རེད། ཆགས་སྡང་གི་བློ་རགས་པ་འདི་རྣམས་ཀྱིས་སེམས་མ་སྐྱིད་པ་བྱེད་ཀྱི་ཡོད། ཆགས་སྡང་སོགས་ཀྱི་བློ་ཧ་ཅང་ཤུགས་ཆེན་པོ་སྐྱེ་བའི་སྐབས་སུ་ཆགས་སྡང་སྐྱེ་སའི་ཡུལ་དང་། སྐྱེ་བྱེད་ཀྱི་བདག་ཡུལ་དང་ཡུལ་ཅན་གཉིས་ཀ་གང་དུ་འདུག་བསམ་བློ་ཁྱུག་ཙམ་རེ་བཏང་ན་ཆགས་སྡང་གི་བློ་དེ་ཉིད་ཤུགས་ཆུང་དུ་འགྲོ་བའི་ཕན་ཐོགས་ཡོད་པ་རེད། ཆགས་སྡང་གི་བསམ་བློ་ཇི་ཙམ་ཡོད་པའི་གང་ཟག་ཡིན་ན་དེ་ཉིད་ལ་སེམས་ཀྱི་བདེ་བ་མེད། དེ་ཡང་མཐར་གཏུགས་ན་བདག་འཛིན་ང་ཞེས་པ་འདི་ལ་ཐུག་ཡོད་པ་རེད། དངོས་གནས་བྱས་ན་ད་ལྟའི་ལུས་རྟེན་འདིའི་ཡག་སྡུག་བཟང་ངན་གང་བྱུང་བ་རྣམས་ཚང་མ་མདང་སུམ་གྱི་རྨི་ལམ་དང་གཅིག་པ་རེད། ང་ཚོའི་མི་ཚེའི་ནང་ལ་རྨི་ལམ་ཆེ་ཆུང་གཉིས་ཡོད་པ་རེད། རྨི་ལམ་ཆེ་བ་ནི་ལུས་རྟེན་འདིའི་ཐོག་གི་བདེ་སྡུག་རྣམས་ཡིན་པ་རེད། རྨི་ལམ་ཆུང་བ་ནི་ད་ནུབ་ཉལ་བའི་སྐབས་སུ་རྨི་ལམ་དེ་ཡིན་པ་རེད། མི་མང་པོ་ཞིག་ནས་ད་ལྟའི་ལུས་རྟེན་འདིའི་གནས་སྟངས་རྣམས་རྨི་ལམ་ལྟར་དུ་བསམ་བློ་འཁོར་གྱི་མེད། དེ་ལ་ཧ་ཅང་བདེན་པར་འཛིན་གྱི་ཡོད། གང་ལྟར་བདག་འཛིན་ཡོངས་སུ་རྫོགས་པ་བློས་གཏང་མ་ཐུབ་ཀྱང་རྐྱེན་ངན་གང་འདྲ་ཞིག་བྱུང་ན་ཡང་མི་བདེན་པ་སྒྱུ་མ་དང་། རྨི་ལམ། འཇིག་རྟེན་གྱི་བསྟོད་ར་དང་བཟང་ཕྱོགས་ཅི་བྱུང་ཡང་། བྲག་ཅ་དང་། མེ་ལོང་ནང་གི་གཟུགས་བརྙན། ཆུ་ཡི་ཆུ་བུར་ལྟར་བསམ་བློ་རེ་གཏོང་ཐུབ་ན་དེ་ཡི་དབང་གིས་སེམས་ཁམས་མི་འཁྲུགས་པ་དང་། ང་རྒྱལ་མི་སྐྱེ་བ་སོགས་དགོས་པ་ཧ་ཅང་མང་པོ་ཡོད། གང་ལྟར་ཡང་ཡུན་ཐུང་མི་ཚེ་འདིར་དགོས་པ་ངོ་མ་དེ་གང་ཡིན་པ་ཤེས་པར་བྱས་ནས། བླང་དོར་གྱི་འཇུག་ལྡོག་མ་ནོར་བར་ཡང་དག་པར་དམ་པའི་ཆོས་ཀྱི་ལམ་དུ་ཞུགས་ནས་ཚེ་འདི་དང་སྐྱེ་བ་ཕྱི་མར་བདེ་ནས་བདེ་བ་རུ་བགྲོད་ཐུབ་པའི་ལག་ལེན་བྱེད་དགོས། དོན་མེད་རྣམ་གཡེང་དབང་དུ་མི་ཚེ་སྟོང་ཟད་དུ་མ་བཏང་བར་སྙིང་པོ་དམ་པའི་ཆོས་ལ་བརྩོན་འགྲུས་ཡང་དག་པར་བྱས་ན་སྙིང་པོའི་དོན་ཆེན་ལག་ཏུ་ལོན་པ་ཡིན་པས་ཐར་པར་འདོད་མཁན་ཡིན་ནས་བཟུང་སྟེ་ད་རེས་རྙེད་དཀའི་དལ་འབྱོར་ལན་གཅིག་ཐོབ་པའི་དུས་འདིར་དོན་མེད་ལག་སྟོང་དུ་མ་ལོག་པར་དམ་ཆོས་ཀྱི་སྙིང་པོ་ལ་བརྩོན་པ་ཅི་ནས་ཀྱང་གལ་ཆེའོ།
མཐར་སྨོན་པ།
།གང་ཞིག་བདེ་བའི་ལམ་དུ་བགྲོད་འདོད་ཅིང་། །ཉོན་མོངས་དགྲ་བོ་རྩད་ནས་གཅད་འདོད་རྣམས།

།ཡང་དག་དམ་ཆོས་བདེན་པ་བཞི་པོ་དང་། །རྟེན་འབྲེལ་བཅུ་གཉིས་འདི་ལ་འཇུག་འཚལ་ལོ།
།དེང་སང་སྒོམ་ལ་རློམ་པའི་སྐྱེ་བོ་རྣམས། །གང་ཡང་མི་དྲན་སེམས་ཀྱི་འཇོག་སྒོམ་འདི།
།ཉོན་མོངས་དངོས་ཀྱི་གཉེན་པོར་འགྱུར་དཀའ་བས། །དཔྱད་པས་དོན་ལ་ཞུགས་ན་ཨེ་མ་འཚམས། །
འཇམ་དཔལ་དབྱངས་དངོས་ཙོང་ཁ་པའི་ཞལ་ནས། ཡུལ་གྱི་དགག་བྱ་ཇི་ལྟར་མ་ཤེས་ན།
།བདག་འཛིན་དངོས་ཀྱི་གཉེན་པོར་མི་འགྱུར་ཞེས། །ལེགས་གསུངས་འདི་ལ་ཁོ་བོ་སྙིང་ནས་དད།
།འཁོར་བར་འཁྱམ་པའི་རྒྱུ་དང་འཁོར་བའི་ལས། །ཇི་ལྟར་འཁོར་ཚུལ་ནམ་ཞིག་འཁོར་བ་དང་།
།ཇི་ཙམ་འཁོར་བ་ལ་སོགས་འཇུག་རིམ་རྣམས། །མ་ནོར་ལམ་བཟང་རྟེན་འབྲེལ་གཞུང་ལ་སྦྱོངས།
།ཉོན་མོངས་རྩ་བ་མ་རིག་ཡིན་པ་ལྟར། །ཆོས་ཀུན་རྩ་བ་རྟེན་འབྲེལ་ཡིན་ཞེས་གསུངས།
།དེ་ཕྱིར་རྟེན་འབྲེལ་ལུགས་འབྱུང་ལུགས་ལྡོག་ཏུ། །ཐུན་དུ་བཅད་ནས་བསྒོམས་ན་སྐལ་པ་བཟང་།
།ཚེ་འདིའི་བཟང་ངན་བདེ་སྡུག་སྣ་ཚོགས་རྣམས། །མི་བདེན་སྒྱུ་མ་རྨི་ལམ་སྤྲུལ་པ་ལྟར།
།ཇི་ལྟར་ངེས་ནས་བདག་མེད་ལྟ་བ་ལ། །ངེས་པ་གཏིང་ནས་རྙེད་པར་བྱིན་གྱིས་རློབས། །
སྟོང་དང་རྟེན་འབྲེལ་ཟབ་མོའི་འོད་སྣང་གིས། །མ་རིག་མུན་པའི་སྨག་ཆེན་ཡོངས་བསལ་ཞིང་།
།ཆོས་ཀུན་བདེན་མེད་སྒྱུ་མར་རབ་རྟོགས་ནས། །གཏན་བདེའི་རྒྱལ་ས་ཟིན་པའི་བཀྲ་ཤིས་ཤོག།
།ཞེས་བདེན་བཞིའི་འགྲེལ་བཤད་མདོར་བསྡུས་འདི་ཉིད་ཀྱང་རང་སློབ་ཕྱི་རྒྱལ་བ་དོན་གཉེར་ཅན་འགའ་ལ་༢༠༡༩ /༤/༢༢ ཉིན་ཤེས་རབ་སྙིང་པོའི་མཚམས་ཀྱི་ཆོས་ཁྲིད་ཉིན་གཉིས་རིང་གི་སྐབས་སུ་ཤེས་རབ་སྙིང་པོའི་བརྗོད་བྱ་ཡོངས་རྫོགས་བདག་མེད་ཡིན་སྟབས། ད་རེས་བདག་མེད་དང་དེའི་རྒྱབ་རྟེན་རྟེན་འབྲེལ་བཅུ་གཉིས་དང་། བདེན་བཞི་སོགས་ཀྱི་འགྲེལ་བཤད་ཡིག་རིགས་གཞན་ལ་བསྒྱུར་བདེ་བའི་ཆེད་དུ་བརྡ་རྙིང་དང་མངོན་བརྗོད་མཁས་ཚིག་གིས་མ་རྒྱན་པར་ཕལ་སྐད་དུ་ཕྲིས་ཤེས་ཕྱི་རྒྱལ་བའི་ཆོས་གྲོགས་འགའ་ཡིས་བསྐུལ་མས་རྐྱེན་བྱས། དེང་སང་ཕྱི་རྒྱལ་བའི་བོད་པའི་ནང་པ་བཅོལ་ཆུང་འགའ་ཡིས་ནང་ཆོས་ཀྱི་སྙིང་པོ་བདེན་བཞི་དང་། ལྟ་བའི་སྙིང་པོ་རྟེན་འབྲེལ་སོགས་གཞུང་ལུགས་ཡང་དག་ལ་ཐོས་བསམ་བྱེད་རྒྱུ་ཡིན་པར་མ་ཤེས་ནས་བོད་བརྒྱུད་ནང་ཆོས་ངོ་མ་དེ་གསང་སྔགས་ཀྱི་གར་འཆམས་དང་། སྒྲུབ་མཆོད། གཅོད་འདོན་དབྱངས། བླ་སྒྲུབ་སོགས་ལ་ངོས་འཛིན་བྱེད་ཅིང་རྩ་བ་བོར་ནས་ཡལ་ག་དང་ཉིང་ལག་བྱེ་བྲག་པ་ཞིག་ལ་ཤི་འཇུ་རོ་འཐམ་བྱེད་ཅིང་འཇུག་པའི་དུས་སྐབས་འདིར། རྗེ་ཙོང་ཁ་པའི་ལམ་རིམ་ཆེན་མོ་ལས། གཞུང་ལུགས་ཆེ་ལ་ལོ་མང་སྦྱངས་པ་ཡི། །གྲོགས་དག་རང་གི་ནོར་བུ་རིན་པོ་ཆེ། །དོར་ནས་གཞན་གྱི་མཆིང་བུ་མ་ལེན་པར། །རང་ལ་རིན་ཆེན་ཡོད་པ་མཁྱེན་པར་མཛོད། །ཁྱེད་ཀྱིས་སྦྱངས་པའི་གཞུང་ལས་གདམས་པའི་དོན། །ལོགས་སུ་མེད་པར་གཟིགས་ནས་ཐུབ་དབང་གིས། །མང་དུ་ཐོས་པ་ནགས་ན་བདེའོ་ཞེས། །གསུངས་པའི་དེའི་དོན་ལའང་དཔྱོད་པར་རིགས། ཤེས་ཇི་ལྟར་གདམས་པའི་ཟབ་གསང་གི་ལེགས་གསུངས་འདི་ལ་བློ་འདྲོངས་པར་བྱས་ཤིང་། ད་རེས་བདེན་བཞིའི་འགྲེལ་བཤད་ཅིག་བྲིས་ན་རང་སློབ་རྗེས་འཇུག་གསར་བུ་འགའ་ལ་ནང་པ་སྤྱི་ཡི་གོ་བ་ཆགས་པ་སོགས་ལ་དགོས་པ་ཆེ་བར་དམིགས་ཏེ། རྒྱལ་སྤྱིའི་འཇམ་དབྱངས་ཆོས་འཁོར་གླིང་གི་བསྟན་བདག་གུས་པ་ཆོས་སྨྲ་བའི་མིང་འཛིན་མཁན་པོ་ཀར་བསྟན་དུ་འབོད་པས་ཨ་རིའི་མངའ་སྡེ་ཆེན་པོ་ཁཱ་ལི་ཧྥོར་ཎི་ཡའི་ཞི་བདེ་རྒྱ་མཚོའི་འགྲམ་གྱི་རང་ཤག་ཏུ་༢༠༡༩ /༥/༡༢ གྲུབ་པར་བགྱིས། ད་རེས་རྟེན་འབྲེལ་མ་འགྲིག་རང་བྱུང་གི་དཔེ་ལྟར་འཛམ་གླིང་རྒྱལ་སྤྱིའི་ཨ་མའི་དུས་ཆེན་ཉིན་མོར་མཇུག་ཡོངས་སུ་གྲུབ་པས་ཧ་ཅང་སྤྲོ་བ་ཆེ། འོན་ཀྱང་དྲིན་ཆེན་གྱི་ཨ་མ་འདས་མོ་དེ་ཉིད་ལ་ཚེ་འདིར་ཞབས་ཏོག་གི་དྲིན་ལན་སྣ་གཅིག་འཇལ་མ་ཐུབ་པར་འགྱོད་པ་ཆེ་རུང་། ད་རེས་གུས་ནས་འབད་པས་བྲིས་པའི་དམ་ཆོས་འདི་ཉིད་ཀྱང་དྲིན་ཅན་ཨ་མའི་དྲན་རྟེན་དང་དྲིན་ལན་གསབ་ཕྱིར་དགེ་བསྔོ་དང་ཆབས་ཅིག་རང་འདྲའི་བློ་དམན་རྣམས་ལའང་ཕན་པའི་རྒྱུར་གྱུར་ཅིག སརྦ་མངྒ་ལམ། བཀྲ་ཤིས་བདེ་ལེགས།། །།
ཁྱེད་རང་མཁལ་མ་ཉོ་འདོད་དམ། ཡང་ན་ཁྱེད་རང་གི་མཁལ་མ་བཙོང་འདོད་དམ། ཁྱེད་རང་གིས་དངུལ་རྩའི་དཀའ་ངལ་ལ་བརྟེན་ནས་དངུལ་གྱི་ཆེད་དུ་མཁལ་མ་བཙོང་བའི་གོ་སྐབས་འཚོལ་བཞིན་ཡོད་དམ། ཁྱེད་རང་གིས་ཅི་ཞིག་བྱེད་དགོས་མིན་ཤེས་ཀྱི་མེད་ན། དེ་རིང་ང་ཚོར་འབྲེལ་བ་བྱོས་དང་། ང་ཚོས་ཁྱེད་རང་གི་མཁལ་མའི་ཆེད་དུ་དངུལ་མང་པོ་སྤྲོད་རྒྱུ་དང་། . ངའི་མིང་ལ་སྨན་པ་གུས་ཟེར། ང་ནི་ཨལ་ཝར་ནིཡ་རི་རྩེའི་སྨན་ཁང་གི་རྒྱལ་སྤྱིའི་རྩ་ཁམས་རིག་པའི་མཁས་པའི་གྲོས་མོལ་པ་ཡིན། ང་ཚོའི་སྨན་ཁང་དེ་མཁལ་མ་དང་གཤག་བཅོས་གཞན་དག་ལ་ཆེད་ལས་ཤིག་ཡིན་པ་དང་། ང་ཚོ་སིང་གྷ་པུར་དང་། ཐུར་ཁེ། ཨ་རི། མ་ལེ་ཤི་ཡ། རྒྱ་གར། འཇར་མན་བཅས་སུ་ཡོད།
ReplyDeleteགལ་ཏེ་ཁྱེད་རང་མཁལ་མ་བཙོང་བའམ་ཡང་ན་ཉོ་འདོད་ཡོད་ན། ང་ཚོར་འབྲེལ་བ་བྱེད་པར་ཐེ་ཚོམ་མ་བྱེད་རོགས།
གློག་འཕྲིན། འབྲེལ་གཏུག་@མའོན་ཊལ་ཝར་ནི་ཡ་སྨན་ཁང་།
ཝ་ཊི་ཨེཔ་ཨང་གྲངས། +393512676198
ཝའི་བར་: +༣༩༣༥༡༢༦༧༦༡༩༨
སྨོན་འདུན་ཞུ,
DR GUS TEO.
རྒྱལ་སྤྱིའི་སྨན་བཅོས་གྲོས་མོལ་མཁན།PHDLL.CDC