![]() |
| སྐྱིད་པའི་ཐུགས་རྗེའི་ལེགས་འབུལ་གྱི་ཤོག་ལིང་། |
སྤྱིར་བཏང་རྒྱལ་ཁབ་གང་ཞིག་ཡིན་ཀྱང་རྒྱལ་ཁབ་དེའི་མི་རིགས་དང་རིག་གཞུང་དང་མཐུན་པའི་དུས་ཆེན་ཁག་འདྲ་མིན་ཡོད་པ་འདི་ནི་ཧ་ཅང་ཡག་པོ་ཞིག་རེད་བསམ། ལྷག་པར་དུ་རྒྱལ་སྤྱིའི་ཕ་མའི་དུས་ཆེན། fathers day and mothers day དགེ་རྒན་གྱི་དུས་ཆེན། techers day མཛའ་བརྩེའི་དུས་ཆེན། valentines day རང་དབང་གི་ཉིན་མོ། independence day ལ་སོགས་པ་གཞན་ལ་འཚེ་བ་མེད་པ། ཁོར་ཡུག་སྲུང་སྐྱོབ་ལ་མི་གནོད་པ། རང་གི་རྒྱལ་ཁབ་དང་མི་རིགས་མཐུན་སྒྲིལ་ཡར་རྒྱས་ལ་ཕན་པའི་དུས་ཆེན་ཁག་ནི་ངེས་པར་སྲུང་བརྩི་བྱེད་འོས་པ་དང་། བྱེད་དགོས་པ་ཞིག་ཀྱང་རེད།
དེ་རིང་ཨ་རིའི་ཐུགས་རྗེའི་ལེགས་འབུལ་གྱི་དུས་ཆེན་གྱི་ཉིན་མོ་Thanksgiving འདི་ནི་ངོས་ཀྱི་ཆེས་མི་དགའ་བའི་དུས་ཆེན་ཞིག་ཡིན། གང་ཡིན་ཞེ་ན། ཆེས་སེམས་སྐྱོ་དགོས་པ་ཞིག་ལ་དེ་རིང་གི་ཉིན་མོ་འདིར་གཞན་གྱིས་ཁ་གྲག་ཐུབ་མིན་ལས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་སྒོ་རྣམ་པ་ཀུན་ནས་མཚུངས་པའི་མགོན་མེད་ཉམ་ཐག་དུད་འགྲོ་ཁྱིམ་བྱ། turkeys ས་ཡ་བཞི་བཅུ་ཞེ་ལྔ་ཐམས་པའི་ཚེ་སྲོག་འཕྲོག་ནས་ང་ཚོ་འགྲོ་བ་རྣམས་ཀྱིས་ཁྱིམ་ཚང་གི་དགའ་སྤྲོའོ་ཆེད་དུ་ཁ་ཟས་སུ་ཟ་བ་དེ་རེད།
ཡང་ང་མི་འགའ་སའི་དུས་ཆེན་གཞན་ཞིག་ནི། ཆོས་ལུགས་ཤིག་གི་ངོ་བོའི་ཐོག་ནས་སྟོན་པ་ཡེ་ཤུའི་འཁྲུངས་སྐར་གྱི་དུས་ཆེན་ཉིན་མོར་སྔོ་ལྗང་ཡིད་དུ་འོང་བའི་ལྗོན་ཤིང་ས་ཡ་མང་པོ་བཅད་བཏུབ་བྱེད་ནས་ཁྱིམ་དུ་ཤིང་སྡོང་གཤམ་སྟོན་བྱེད་པ་འདི་ནི་ཁོར་ཡུག་སྲུང་སྐྱོབ་ལ་གནོད་པའི་ཆེས་ཡ་ང་བའི་ལུགས་སྲོལ་ཞིག་རེད།
ཡང་ང་མི་དགའ་སའི་ལུགས་སྲོལ་གཞན་དག་ཞིག་ནི། ཧིན་དུའི་ཆོས་ལུགས་སུ་རྒྱ་གར་བལ་ཡུལ་སོགས་ནས་དྷ་སེན་ནམ་new year ཞེས་པའི་དུས་ཆེན་ཉིན་མོར་ལྷ་དབང་ཕྱུག་ཆེན་པོར་དམར་མཆོད་ཀྱི་ཆེད་དུ་ཉིན་གཅིག་ལ་ཡུལ་ལུང་ཁྲག་མཚོར་བསྒྱུར་ནས་ར་ལུག་མ་ཧེ་སོགས་ཉམ་ཆུང་སེམས་ཅན་ས་ཡ་མང་པོ་དམར་གསོད་གཏོང་བའི་ལུགས་སྲོལ་ངན་པ་འདི་རྣམས་ལ་བསམ་ན་ང་ཚོའི་དུས་རབས་ཉེར་གཅིག་ད་ལྟ་ཡིན་ནའང་ལུགས་སྲོལ་ངན་པ་འདི་རྣམས་མུ་མཐུད་རྒྱུན་སྐྱོང་བྱེད་བསྡད་པ་འདི་ལ་ངེས་པར་བསམ་བློ་གཏོང་དགོས་པའི་དུས་ལ་བབས་འདུག་སྙམ།
གང་ལྟར་ཀྱང་ང་ནི་ནམ་རྒྱུན་དཀར་ཟས་པ་ཞིག་མིན་ཀྱང་ཨ་རིའི་ཐུགས་རྗེའི་ལེགས་གསོའི་ཉིན་མོ་འདིར་དཀར་ཟས་བཟའ་ཞིང་ཉིན་མོ་འདིར་མི་སུ་ཞིག་གི་ནང་དུའང་མི་འགྲོ་རྒྱུའི་དམ་བཅའ་བྱེད་ནས་ཞོགས་པ་ནས་བཟུང་སྟེ་དེ་རིང་བསད་པའི་ཁྱིམ་བྱ་ས་ཡ་མང་པོ་དེ་རྣམས་ཀྱི་ཁོ་ནའི་ཆེད་དུ་བདེ་ཆེན་ཞིང་སྒྲུབ་ཆོ་ག་རྒྱས་པ་ཉིད་འདོན་ཞིང། འོད་མཚན་དང་། མ་ཎི་སོགས་བགྲངས་ནས་ནང་དུ་ཐུན་བཟུང་ནས་བསྡད་པ་ཡིན།
དགོང་མོ་ཆུ་ཚོད་དྲུག་པའི་སྐབས་སུ་ཨ་མ་སུས་སིན་གཙོས་དད་ལྡན་གྱི་སློབ་མ་འགའ་བོས་ནས་མཉམ་དུ་དེ་རིང་གི་དུས་ཆེན་གྱི་ཆེད་དུ་ཁྱིམ་བྱ་གྲངས་ལས་འདས་པ་དེ་རྣམས་ཀྱི་ཆེད་དུ་བསྔོ་བ་དང་སྨོན་ལམ་སོགས་མཉམ་དུ་བྱས།
ཨ་རིའི་མགོ་སེར་གནའ་བོའི་ལུགས་སྲོལ་འདིར།།
ཐུགས་རྗེའི་ལེགས་འབུལ་ཞེས་པའི་དུས་ཆེན་ཉིན།།
ཉམ་ཆུང་ཁྱིམ་བྱ་ས་ཡ་མང་པོ་ཡི།།
སྲོག་ལ་རྒོལ་བའི་ཉི་མ་ནག་པོ་ཤར།།
ཉམ་ཆུང་ཁྱིམ་བྱ་མང་པོའི་མྱ་ངན་དང་།
མགོ་སེར་མི་ཚང་མང་པོའི་ཧབ་སྒྲ་བཅས།།
རྐང་གཉིས་འགྲོ་བ་མི་ཡི་ལས་སྟངས་འདིར།།
བསམ་ན་སྙིང་ནས་མཆི་མ་དཀུ་བའི་རྒྱུ།།
དེ་རིང་ཉེས་མེད་ཁྱིམ་བྱ་ཁྱེད་རྣམས་ཀྱི།།
འཇིག་རྟེན་ཁམས་ན་འདུག་རེས་ཐ་མ་ཡི།།
མ་ཉེས་ཐོག་ཏུ་བབས་པའི་ཁྲིམས་ཆད་འདི།།
ས་སྟེང་འདི་ནས་དཔང་པོ་སུ་ཡིས་བྱེད།།
ཚེ་གང་སྐྱབས་སུ་བསྙེན་པ་ལྷག་པའི་ལྷ།།
བདེ་ཆེན་ཞིང་གི་མགོན་པོ་འོད་དཔག་མེད།།
དུང་དུང་གདུང་བས་འབོད་པ་འདི་གསན་ན།།
ཉམ་ཆུང་བྱ་རྣམས་བདེ་ཆེན་ཞིང་དུ་དྲོངས།།
ཨོྃ་ཨ་མི་དྷེ་ཝ་ཧྲཱི༔ ཨོྃ་ཨ་མི་དྷེ་ཝ་ཧྲཱི༔
ཨོྃ་ཨ་མི་དྷེ་ཝ་ཧྲཱི༔ ཨོྃ་ཨ་མི་དྷེ་ཝ་ཧྲཱི༔
ཨོྃ་ཨ་མི་དྷེ་ཝ་ཧྲཱི༔ ཨོྃ་ཨ་མི་དྷེ་ཝ་ཧྲཱི༔
ཨོྃ་ཨ་མི་དྷེ་ཝ་ཧྲཱི༔ ཨོྃ་ཨ་མི་དྷེ་ཝ་ཧྲཱི༔
དགོང་མོ་ཆུ་ཚོད་དྲུག་པའི་སྐབས་སུ་ཨ་མ་སུས་སིན་གཙོས་དད་ལྡན་གྱི་སློབ་མ་འགའ་བོས་ནས་མཉམ་དུ་དེ་རིང་གི་དུས་ཆེན་གྱི་ཆེད་དུ་ཁྱིམ་བྱ་གྲངས་ལས་འདས་པ་དེ་རྣམས་ཀྱི་ཆེད་དུ་བསྔོ་བ་དང་སྨོན་ལམ་སོགས་མཉམ་དུ་བྱས།
ཨ་རིའི་མགོ་སེར་གནའ་བོའི་ལུགས་སྲོལ་འདིར།།
ཐུགས་རྗེའི་ལེགས་འབུལ་ཞེས་པའི་དུས་ཆེན་ཉིན།།
ཉམ་ཆུང་ཁྱིམ་བྱ་ས་ཡ་མང་པོ་ཡི།།
སྲོག་ལ་རྒོལ་བའི་ཉི་མ་ནག་པོ་ཤར།།
ཉམ་ཆུང་ཁྱིམ་བྱ་མང་པོའི་མྱ་ངན་དང་།
མགོ་སེར་མི་ཚང་མང་པོའི་ཧབ་སྒྲ་བཅས།།
རྐང་གཉིས་འགྲོ་བ་མི་ཡི་ལས་སྟངས་འདིར།།
བསམ་ན་སྙིང་ནས་མཆི་མ་དཀུ་བའི་རྒྱུ།།
དེ་རིང་ཉེས་མེད་ཁྱིམ་བྱ་ཁྱེད་རྣམས་ཀྱི།།
འཇིག་རྟེན་ཁམས་ན་འདུག་རེས་ཐ་མ་ཡི།།
མ་ཉེས་ཐོག་ཏུ་བབས་པའི་ཁྲིམས་ཆད་འདི།།
ས་སྟེང་འདི་ནས་དཔང་པོ་སུ་ཡིས་བྱེད།།
ཚེ་གང་སྐྱབས་སུ་བསྙེན་པ་ལྷག་པའི་ལྷ།།
བདེ་ཆེན་ཞིང་གི་མགོན་པོ་འོད་དཔག་མེད།།
དུང་དུང་གདུང་བས་འབོད་པ་འདི་གསན་ན།།
ཉམ་ཆུང་བྱ་རྣམས་བདེ་ཆེན་ཞིང་དུ་དྲོངས།།
ཨོྃ་ཨ་མི་དྷེ་ཝ་ཧྲཱི༔ ཨོྃ་ཨ་མི་དྷེ་ཝ་ཧྲཱི༔
ཨོྃ་ཨ་མི་དྷེ་ཝ་ཧྲཱི༔ ཨོྃ་ཨ་མི་དྷེ་ཝ་ཧྲཱི༔
ཨོྃ་ཨ་མི་དྷེ་ཝ་ཧྲཱི༔ ཨོྃ་ཨ་མི་དྷེ་ཝ་ཧྲཱི༔
ཨོྃ་ཨ་མི་དྷེ་ཝ་ཧྲཱི༔ ཨོྃ་ཨ་མི་དྷེ་ཝ་ཧྲཱི༔





