Sunday, August 30, 2020

ཕ་རྒན་དྲན་རྟེན་ཟངས་ཀྱི་ལྡི་ཁོག་ཞིག་ཉོས་པའི་ཉིན་མོ།

ད་ནང་ཞོགས་པ་ཁ་འདོན་གྲུབ་མ་ཐག་ཉེ་འཁོར་དུ་ཡོད་པའི་ཅ་དངོས་རྙིང་པ་གཙོང་སའི་ཚོང་ཁང་ཞིག་ནང་དུ་སོང་། 
ཚོང་ཁང་དེར་སྐབས་རེ་བོད་པའི་ཅ་དངོས་རྙིང་པ་མཆོད་ཆས་དང་ཐང་སྐུ་སོགས་གོང་ཁེ་བོའི་ངང་ནས་རྙེད་ཀྱི་ཡོད། ལོ་གཅིག་གོང་ཚེ་ལྷ་རྣམ་གསུམ་གྱི་གོས་ཆེན་ཚེམ་དྲུབ་ཐང་ཀ་རྙིང་པ་ཞིག་ལ་ཨ་བཅུ་གཉིས་ཀྱིས་ཉོས། དུས་དེ་ནས་བཟུང་སྟེ་གཏམ་དཔེར། གླེན་པས་གཡུ་རྙེད་ཐེངས་གཅིག་ལ་རེ་བ་ཐེངས་མ་བརྒྱ་བྱས་པའི་དཔེ་ལྟར་ག་དུས་ཡིན་ནའང་དུས་ཚོད་ཁོམས་སྐབས་ཚོང་ཁང་འདིའི་ནང་དུ་སོང་གྲངས་ནི་ཉུང་ཉུང་ཞིག་གཏན་ནས་མིན།  
དེ་རིང་ཡོད་པའི་ཅ་དངོས་ཕལ་མོ་ཆེ་ནི་སྡེར་མ་དང་། ཟ་ཁྲི། ཉལ་ཆས། སྣོད་ཆས། རྣ་རྒྱན། མཛུབ་དཀྲིས། སྐེ་རྒྱན་སོགས་རེད་འདུག ཟུར་ཞིག་ལ་མདོག་ཡིད་དུ་འོང་ཞིང་དམར་ལ་སྨུག་མདངས་ཅན་ཟངས་ཀྱི་<ལྡི་ཁོག་>ཞབས་འོག་ཏུ་མེ་གཏང་ནས་ཟས་རིགས་གཡོས་སྦྱོར་བྱེད་ས་སྤུས་གཙང་ཞིག་མཐོང་། ལག་ཏུ་བླངས་ནས་མིག་གྱེར་གྱེར་སྐེ་འཁྱོག་འཁྱོག་ངང་ཡུན་རིང་པོར་གཡས་བལྟ་གཡོན་བལྟ་ཞིབ་ཏུ་བྱས། ད་རེས་ཀྱི་ཟངས་ཀྱི་ལྡི་ཁོག་འདིའི་བཟོ་ལྟ་དང་། དབྱིབས། ཆེ་ཆུང་སོགས་གང་ལ་བསམ་ཡང་ཉོ་འདོད་བྱུང་། སྣོད་ཞབས་སུ་ཤོག་ཛར་ཞིག་གི་ངོས་སུ་རིན་གོང་ལ་only 12$ ཞེས་གསལ་ན་མི་གསལ་བའི་ཨང་གྲངས་དེ་ཉིད་མཐོང་བ་དང་ལྷན་རང་དབང་མེད་པར་ཉོ་འདོད་ལྷག་པར་སྐྱེས། ངོས་ཀྱི་ཕ་འདས་པོ་དེ་ཉིད་ཅ་དངོས་རྙིང་པའི་རིགས་ལ་དགའ་ཞེན་ཆེ་བ་མ་ཟད། ཤིང་ཕོར་དངུལ་ཤན་ཅན་དང་། ཟངས་དང་རག་གི་སྣོད་སྤྱད་ཉར་རྒྱུ་ལ་ཧ་ཅང་དགའ། ཕ་འདས་པོའི་དྲན་རྟེན་དུ་ཆོས་ཚོགས་སུ་ཤིང་ཕོར་ཆེ་ཆུང་འདྲ་མིན་མང་པོ་ཞིག་ཉར་ཡོད་ཀྱང་། ཟངས་ཀྱི་སྣོད་སྤྱད་ད་ལྟ་ལས་མ་རྙེད་པས་ལྡི་ཁོག་དེ་ཁུར་ནས་ཚོང་དཔོན་མི་རྒན་མིག་ཤེལ་ཅན་དེར་ཨ་སྒོར་བཅུ་གཉིས་སྤྲད་ནས་ཉོས། མི་རྒན་ནས་ཀྱང་you found a good one ཞེས་ཟེར་བཞིན་མཐེ་བོང་སྒྲེང་ཙམ་བྱེད་བཞིན་གདའ། ངས་ཀྱང་ཟངས་ཀྱི་ལྡི་ཁོག་དེ་ཉིད་མཆན་དུ་བཅུག་ནས་ནང་དུ་འབྱོར། ཕ་རྒན་འདས་གྲོངས་སུ་ཕྱིན་ནས་མི་ལོ་ཉེར་བཞི་ཙམ་སོང་ཡང་ད་དུང་ལོ་དང་ཟླ་བ་སོང་བཞིན་ཇེ་དྲན་རེད་འདུག། ཕ་རྒན་ཡོད་པའི་སྐབས་སུ་ད་ལྟ་ནང་བཞིན་ལག་བཟུང་ཁ་པར་ཕར་ཞོག། སྐབས་དེ་དུས་པར་ཆས་དཀྱུས་མ་ཞིག་ཀྱང་སྡེ་དགོན་གཉིས་ཆར་མཐོང་རྒྱུ་ཧ་ཅང་དཀོན། རྒྱུ་མཚན་དེ་བས་ན་ངོས་ཀྱི་ཕ་འདས་པོའི་དྲན་རྟེན་ལ་རང་ཉིད་དགའ་མིན་ལ་མ་ལྟོས་པར་ཁོང་གང་ལ་དགའ་བའི་ཅ་དངོས་རིགས་ཉོ་ནས་ཉར་གྱི་ཡོད། 


དྲིན་ཅན་ཕ་ལོ་དམ་པ། ། མི་བརྗེད་དྲན་རྟེན་ཆེད་དུ། ། དེ་རིང་ཚོང་ཁང་ནང་ནས། ། ཟངས་ཀྱི་ལྡི་ཁོག་ཉོས་ཡོད། །
གདོང་ལ་བགྲེས་ཉམས་དོད་ཅིང་། ། ལག་ཏུ་ཕྲེང་བ་ཐོགས་པའི། ། བོད་ཀྱི་མི་རྒན་མཐོང་དུས། ། དྲིན་ཅན་ཕ་ལོ་དྲན་བྱུང་། 
ཞིམ་པོའི་ཟས་ཞིག་བཟའ་དུས། ། ཁྱེད་ཉིད་ཡོད་ན་བསམ་བྱུང་། ། དྲོན་པོའི་གོས་ཤིག་མཐོང་དུས། ། ཁྱེད་ལ་བཀོན་ན་བསམ་བྱུང་། 
།ཕྱི་རྒྱལ་ལུགས་སྲོལ་མེད་པ། ། རང་མགོ་རང་གིས་མི་ཐོན། ། བོད་པའི་ལུགས་སྲོལ་མེད་ཅིང་། ། ཕ་མར་གུས་བཀུར་མེད་པ། །
དེང་དུས་གཞོན་སྐྱེས་འགའ་ཡིས། ། ཕ་མར་དྲིན་ལན་མེད་པར། ། ཁ་ལན་ཚིག་ལན་སློག་དུས། ། སེམས་པ་གཏིང་ནས་སྐྱོ་བྱུང་། །
དེ་རིང་གི་ཉིན་ཐོ་དེ་ཙམ་ཡིན་ཁ་དྲོ། ཚེ་རིང་།


The Day I Bought a Copper Skillet In Memory of my Father

 

         Today, after I finished my morning recitations I went to a neighborhood second-hand thrift store. Occasionally you can find old Tibetan items there, thangkas, offering materials, and so forth, for inexpensive prices. A year ago I bought an old brocade thangka of the Three Long Life Deities there, which would normally cost seven or eight hundred dollars, for only twelve dollars! Ever since then, like the old saying goes, once finding a turquoise on the road, the fool will return there a hundred times, whenever I have free time I go to that store; I’ve been there quite a few times!

         Today, most of the stuff they had was dishes, food containers, pots, earrings, rings, and necklaces. In one corner I saw a good quality copper skillet with a nice brownish red color resting on a cooking tripod where you could light a flame under it. When I picked it up, with wide eyes, craning my neck, I examined it from every angle for a long time. After considering the shape, appearance, and size of this modern copper skillet, I wanted to buy it. When I saw that, with its base they were only asking twelve dollars I couldn’t help but buy it. Not only was it the kind of old thing that my late father loved, he also liked wooden bowls with silver bands, as well as copper and brass pans. As mementos of my father I had many different wooden bowls of different sizes at the Dharma center but I had not yet been able to find a copper pot, so I took this copper skillet and gave twelve dollars to the elderly bespectacled person who was minding the store. He said, ‘You found a good buy,’ and gave me the thumbs-up. I took it under my arm and carried it home. Although it had been about twenty-four years since my father died I miss him more every month and year that passes. In my father’s day there were no cell phones and it was very rare to even see an ordinary camera in the village or monastery. That’s why, to remind me of my father, regardless of whether I like them or not, I buy and keep the kinds of things that he liked.

 

As an unforgetting memento

of my kind, holy father,

today, from the store,

I bought a copper skillet for you.

 

When I see elderly Tibetans

with their dignified aged faces,

carrying their malas in their hands

I miss my kind father.

 

When I eat some delicious food,

I wish you were there.

When I see a guest’s clothing,

I wish you were wearing it.

 

It’s not the custom in foreign countries

to not be self-reliant.

It’s not the Tibetan custom

to have no respect for parents.

 

These days some young people

do not return their parents’ kindness,

and talk back to them instead.

It deeply saddens me.

 

That’s my blog for this auspicious holiday of Father’s Day.

 

May you live long!

 

 

 



Sunday, August 2, 2020

ཕ་འདས་པོ་དེ་རྨི་ལམ་ཁྱད་མཚར་ཞིག་གཏང་བྱུང་།"A Vivid Dream About My Father"

ད་ནངས་ཞོགས་པ་ཞི་བར་གཤེགས་པའི་ཕ་འདས་པོ་དེ་རྨི་ལམ་ཁྱེད་མཚར་ཞིག་གཏང་བྱུང་། 
ཞོགས་པ་ཆུ་ཚོད་ལྔ་པ་ཙམ་གྱི་སྐབས་སུ་རྨི་ལམ་ནང་ཁོ་རང་གསོན་པའི་སྐབས་སུ་མགོ་ཞྭ་རྐང་ལྷམ་ཚང་མ་གཅིག་པ་དང་མ་ཟད་གདོང་ཉམས་སོགས་གཅིག་པ་རེད་འདུག། ཁོ་རང་འཇམ་དབྱམས་ཆོས་འཁོར་གླིང་ཆོས་ཚོགས་ཀྱི་སྒོ་ཁར་སླེབས་བྱུང་། ངས་དགའ་བཞིན་དུ་གློ་བུར་དུ་སྒོ་ཕྱེས་ནས་ནང་དུ་ཁྲིད་ཅིང་སྣེ་ལེན་བྱས་པ་ཡིན། ང་ནི་ཧ་ཅང་དགའ་གི་འདུག། ཡིན་ནའངརྨི་ལམ་ཡིན་པ་ཡང་ཤེས་ཀྱི་འདུག། ང་ཡི་ཕ་འདས་གྲོངས་སུ་ཕྱིན་ནས་མི་ལོ་ཉེར་བཞི་འགྲོ་གི་ཡོད། ངེད་གཉིས་ཇ་མཉམ་བཏུང་བྱས་ནས་ཁྱུག་ཙམ་ཞིག་བསྡད། ཕ་རྒན་ནས་འདི་ལྟར་ཟེར། ང་ཕར་རང་ཡུལ་དུ་མ་སོང་བའི་གོང་ང་ལ་ཟྭ་ཐུག་ཞིག་ཁྱེད་རང་མཉམ་དུ་ཟ་འདོད་ཡོད་ཅེས་ཟེར། འདི་ལོའི་དཔྱིད་ཀར་ཏོག་དབྱིབས་ནད་ངན་དེས་རྐྱེན་བྱས་ནས་ཟྭ་བཀོག་ལ་འགྲོ་ཐུབ་མ་སོང་བས་ང་ཡི་ནང་ལ་་ཟྭ་གཏན་ནས་མེད་པས་ཅི་དགོས་ན་བསམ་བྱུང་། དེ་མ་ཐག་ཕ་རྒན་ནས་འདི་ལྟར་ཟེར། ངེད་གཉིས་བྷོ་སི་ཊོན་ཨ་མ་ཡེ་ཤེས་དང་། ཕ་དཀོན་མཆོག་གཉིས་ནང་དུ་ཟྭ་ཐུག་བཟའ་ལ་འགྲོ་ཟེར། ངས་ཁྱེད་ཀྱི་ཨ་མ་ཡེ་ཤེས་དང་དཀོན་མཆོག་གཉིས་གང་འདྲ་་བྱས་ནས་ཤེས་ཀྱི་ཡོད་ཞུས་པས།  ཁྱེད་རང་ལོ་ལྟར་ཁོང་ཚོ་སར་འགྲོ་གི་ཡོད་དམ་ཟེར། ངས་འགྲོ་གི་ཡོད་ལགས་ཞུས་པ་ཡིན། ང་ལ་ལྟོས་ན་ཨ་མ་ཡེ་ཤེས་དང་ཕ་དཀོན་མཆོག་གཉིས་ཀྱི་ནང་མི་ལུང་པ་འདིར་ང་ཡི་ཁྱིམ་ཚང་གཉིས་པ་འདྲ་བོ་ཡིན། ང་ག་དུས་བྷོ་སོ་ཊོན་ལ་སོང་ནའང་ཟས་གོས་གནས་མལ་སོགས་ཀྱིས་མས་བུ་ལ་བརྩེ་བ་ལྟར་ཧ་ཅང་སྣེ་ལེན་ཡག་པོ་གནང་གི་ཡོད། 
ཕ་རྒན་ནས་ད་ལྟ་རང་འགྲོ་ཟེར་བ་དང་ངེད་ཕ་བུ་གཉིས་སྐད་ཅིག་དེ་ཉིད་དུ་ཨ་མ་ཡེ་ཤེས་ཀྱི་སྒོ་འགྲམ་དུ་སླེབས་འདུག། ཨ་མ་ཡེ་ཤེས་ནས་སྒེའུ་ནང་ནས་ང་མཐོང་བ་དང་མཉམ་དུ་མཁན་པོ་རིན་པོ་ཆེ་ཕེབས་འདུག་ག། ང་ཚོའི་ཟྭ་ཐུག་བཀོལ་ཡོད་ནང་དུ་ཕེབས་ནས་ཟྭ་ཐུག་མཉམ་དུ་མཆོད་ཟེར་ཞོར་སྒོ་ཕྱེས་སོང་། ངེད་ཕ་བུ་གཉིས་ཟྭ་ཐུག་བཟའ་རུ་ཡོང་བ་ཨ་མ་ཡེ་ཤེས་ཀྱིས་གང་འདྲ་བྱས་ཤེས་ཀྱི་ཡོད་དམ།?
ངེད་ཕ་བུ་གཉིས་ནང་དུ་འཛུལ་ནས་ཚང་མར་འཚམས་འདྲི་དང་ལྷན་ཁོང་ཚོ་ལ་ང་ཡི་ཨ་ཕ་ངོ་སྤྲོད་བྱས་པ་ཡིན། ཟུར་དུ་མགོ་བོར་མེ་ཏོག་སྣ་ཚོགས་འདྲ་མིན་དང་གཟུགས་པོར་དབུས་གཙང་གི་སྐྱེ་དམན་གྱི་ཆས་གོས་ཅན་འདྲ་བོ་བུད་མེད་གཉིས་ཀྱི་ལག་ཏུ་སྤུས་ཤེལ་གྱི་ཕྲེང་བ་དམར་སེར་ཧ་ཅང་ཡག་པོ་རེ་བཟུང་ནས་རེ་རེ་བཞིན་ངེད་ཕ་བུ་གཉིས་ལ་སྤྲད་བྱུང་། ཕ་རྒན་འདས་པོ་ནི་ནམ་རྒྱུན་ཕྲེང་བ་འདྲ་མིན་ཉར་རྒྱུ་ལ་ཧ་ཅང་དགའ་མཁན་ཞིག་ཡིན་སྟབས་ཁོང་ཕྲེང་བ་དེར་ཧ་ཅང་དགའ་སོང་། ང་ལ་སྤྲད་པའི་ཕྲེང་བ་དེ་ཡང་ངས་ཨ་རྒན་ལ་ཕུལ་བ་ཡིན། ཁོ་རང་ནས་ཕྲེང་བ་གཉིས་ལག་པ་གཡས་གཡོན་དུ་བཟུང་ནས་འཛུམ་མདངས་དང་བཅས་ང་ལ་ཟྭ་ཐུག་མེད་ཀྱང་འགྲིག། ང་ལ་ཕྲེང་བ་འདིའི་ཆེད་དུ་ཡོང་བ་ཡིན་ཟེར་བཞིན་ནམ་མཁར་བཀྱག་སོང་། ནམ་མཁའ་ནས་ཀྱང་དེ་ལྟར་ཟེར་བཞིན་ཇེ་མཐོར་ཇེ་མཐོར་སོང་ནས་མཐར་མི་སྣང་བར་གྱུར་སོང་། ང་ཚོའི་གཅིག་གིས་གཅིག་ལ་བལྟ་བཞིན་ད་དུང་ཨ་རྒན་ཟྭ་ཐུག་བཟའ་རུ་ཡོང་སྒུག་བྱས་ནས་ཅུང་བསྡད། ཞོགས་པ་ཆུ་ཚོད་ལྔ་པའི་སྐབས་སུ་གཉིད་ལས་སད་པ་དང་མཉམ་དུ་སེམས་ལ་དགའ་སྐྱོ་འདྲེས་མས་ཁེངས་འདུག། ང་ཡི་ཚོར་བ་རུ་ད་དུང་ང་བྷོ་སི་ཊོན་ཨ་མ་ཡེ་ཤེས་ཀྱི་ནང་དུ་ཡོད་པའི་ཚོར་བ་འདུག། དྲི་བ་ནི་ད་རེས་ག་རེ་བྱས་ནས་ངོས་ཀྱི་ཕ་འདས་པོ་རྨི་ལམ་ནང་ནས་འདིར་ཡོང་རེད། ལན། 
དེ་ནི་ཁོ་རང་གསོན་པའི་སྐབས་སུ་ཆེས་དགའ་ཤོས་ནི་གཅོད་ཉན་རྒྱུ་དང་ཉམས་ལེན་བྱེད་རྒྱུ་དེ་རེད། ཁོ་རང་གིས་ཌཱ་རུ་བཀྲོལ་བ་དང་དྲིལ་བུ་བསིལ་བ་སོགས་བྱེད་མི་ཤེས་ཀྱང་། གལ་ཆེ་ཤོས་དམིགས་པ་བཟུང་རྒྱུ་དེ་ཡིན་སྟབས་དེ་ཁོ་རང་གིས་བྱེད་ཤེས་ཀྱི་ཡོད། ཁ་སང་རེས་གཟའ་ལྷག་པ་སྤྱི་ཟླ་བདུན་པའི་སྤྱི་ཚེས་ཉེར་དགུའི་ཉིན་མོ་ཉིའུ་ཡོག་ལ་གཏན་བཞུགས་ངོས་ཀྱི་ཆོས་གྲོགས་འགའ་ཡི་རེ་སྐུལ་ལྟར་བཅོད་མཁའ་འགྲོའི་གད་རྒྱངས་ངོ་དེབ་ཐད་གཏོང་བརྒྱུད་ནས་བཏོན་པ་ཡིན། རྒྱུ་མཚན་དེར་བསྟེན་ཁ་སང་ཕ་རྒན་འདས་པོ་རྨི་ལམ་ནང་དུ་མཇལ་བ་རེད་བསམ། 
ཉིན་མོ་དེར་བྷོ་སི་ཊོན་ཨ་མ་ཡེ་ཤེས་ལ་ཁ་པར་གཏང་ནས་ད་ནུབ་རྨི་ལམ་གཏང་ཚུལ་བཤད་དུས་ཨ་མ་ཡེ་ཤེས་ལགས་ནས་ཀྱང་དེ་རིང་ང་ལ་དམིགས་བསལ་གྱི་བཀྲ་ཤིས་པའི་རྟགས་མཚན་སྣང་ཚུལ་མ་འདྲ་བ་འགའ་ཤས་བྱུང་ཚུལ་བཤད་བྱུང་། 
"A Vivid Dream About My Father" 

Last night, I had a vivid dream about my father, which I would like to share. In the dream, my father came to California and visited Manjushri Dharma Center. I opened the door for him and I was so happy to see him standing there. He looked just like how he used to, the same beard, the same clothes, the hair, and smiling face. He had such a beautiful smile. I knew that it was a dream while I was dreaming, and I also knew that he had passed away 24 years ago.

My father made prostrations to the center's shrine, and then we ate food and drank tea together. He then told me that he wanted to have some nettle soup with me before he left. In my mind, I thought to myself, because of the pandemic, I couldn't head out to pick nettle leaves. I didn't have any nettle in my house, so what should I do? While I was wondering this, my Dad instantly knew what I was thinking and said to me "No problem, Son. We can head to Ama Yeshe's house in Boston." In the dream, I was astonished because my father had never met Ama Yeshe. I asked my dad, "How do you know her? You have never met her before!" He asked me if I visited them every year, and I said, "Yes!"

Ama Yeshe and P'ha La Konchok are like second family to me, like surrogate parents. They have treated me so well and have always been so kind to me. Whenever I'm in Boston, they prepare delicious food for me and always show me great hospitality. Anyway, my father said to me "Let's go to Boston right now, and eat nettle soup at Ama Yeshe's house!" 

As soon as he said that, instantly, we found ourselves at Ama Yeshe's house. She was so surprised to see me standing outside her window. She said "Oh, Khen Rinpoche, you here! We are so happy to see you! We have already made some nettle soup for you here! Perfect timing! Please do come in and eat with us." Ama Yeshe knows how much I love nettle soup. I greeted her with, "Tashi Delek," and introduced her to my father. 

Inside Ama Yeshe's house, I saw two beautiful women. They were wearing fine jewels and silk brocade chubas. They looked just like dakinis, or like the goddess of long life, Tseringma. Each of these dakinis had a very beautiful amber mala in her hands. They gave the malas to us: one to my father, and one to me. My father always loved malas, and had many precious malas in his collection, so I offered mine to him as well. He held both malas in his hands.

Suddenly, my father said that he did not want to eat nettle soup anymore as he had only really come here for these malas. He said he had to go, and then he smiled broadly, and began to rise up up into the sky. He flew farther and farther away, until he disappeared into the sky. I waited for a while, as I thought he might come back for the nettle soup, but he did not.

That was when I awoke from this strange dream. It was 5:00 AM. At first it felt as if I was still really at Ama Yeshe's house in Boston. I had a bittersweet feeling about the dream. At one and the same time, I was both sad that I had not gotten the chance to eat nettle soup with my father, and happy that he had visited me. 

Vivid dreams like these seem so real. I wondered to myself, Why did my father come into my dream now, of all possible times? I believe it was because I did the Chod practice on July 29th, the night of my dream. My father especially loved Chod pujas. He often used to listen to my chanting while I was doing my Chod practices. He didn't use the bell and damaru, but he knew all the visualizations of offering the body (Lujin). He was familiar not only with the words of the Chod texts, but also their profound meaning. For him, Chod was a very special practice, and that could well be why he came into my dream last night. 

Later on, I called Ama Yeshe and told her about my dream.  She replied that she was very happy to hear about it. She added that she me had also seen some special auspicious signs in the sky that morning just before I called her. I just wanted to share this with all of you.