Tuesday, November 15, 2011

བརྩོན་འགྲུས་ཀུན་དགའི་ནང་ལ་དགོངས་ཟས་ལ་སོང་བ།

དད་ལྡན་པ་རྒན་བརྩོན་འགྲུས་ཀུན་དགའ་ལགས།
ཉིན་མ་འདིར་ཆོས་གྲོགས་བློ་ཐུབ་པ་པདྨ་དང་བདེ་ཆེན་གཉིས་དང་ལྷན་བརྩོན་འགྲུས་ཀུན་དགའི་ནང་ལ་དགོངས་ཟས་ལ་སོང་ནས་བོད་ཟས་མོག་མོག་དང་། ཕྱི་རྒྱལ་བའི་ཁ་ཟས་སོགས་ཟས་རིགས་མི་འདྲ་བ་མང་པོར་ལྷན་དུ་རོལ། བརྩོན་འགྲུས་ཀུན་དགའ་ལགས་ནི་པོར་ལེན་ནུབ་བྱང་བོད་ཀྱི་རིག་གནས་ཚོགས་པའི་ཆོས་ཀྱི་འགན་འཛིན་ཡིན། ཁོང་ནི་འཁྲུངས་ཡུལ་བོད་ཡུལ་དབུས་ཕྱོགས་འབྲི་གུང་ནས་ཡིན་ཞིང་། དགོང་ཟས་སྐབས་སུ་ཁོང་གི་ཚེ་སྟོད་ལོ་རྒྱུས་དང་མ་ཟད་ལྔ་བཅུ་ང་དགུ་ལོར་བོད་ས་རྒྱ་ལག་ཏུ་ཤོར་ནས་ད་བར་ཁོང་གི་ལོ་རྒྱུས་སྐྱོ་ལ་རིང་བ་ཞིག་གསུངས་སོང་།

2 comments:

  1. བརྩོན་འགྲུས་ཀུན་དགའ་ལགས་ཀྱི་སྐུ་ཟླ་ཀ་སྒྲོལ་མ་ལགས་བསྟན་ཤིག་ཚ་པོ་ཞེ་དྲག་འདུག། གད་མོ་མང་པོ་ཤོར་རྒྱུ་བྱུང། ཧ་ཧ་ཧ་

    ReplyDelete
  2. བརྩོན་འགྲུས་ཀུན་དགའ་དེ་ལ་སེམས་ལ་ལྷད་མེད་ཅིང་ཁ་གསལ་རྟིང་གསལ་མི་ཞིག་རེད་འདུག་ང་ནམ་རྒྱུན་མི་དེ་ཡི་རིགས་ལ་དགའ་བོ་ཡོད།

    ReplyDelete